མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་བཅུ་དགུ་བའི་ཧྥེ་གླིང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དངོས་སུ་ལམ་ལ་ཆས།
2019.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན།   མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་བཅུ་དགུ་བའི་ཕྱི་རོགས་སྨན་བཅོས་རུ་ཁག་ཧྥེ་གླིང་པུའུ་ལུང་ཏིས་ལ་བསྐྱོད་ནས་སྨན་བཅོས་བྱེད་པའི་འོས་འགན་སྒྲུབ་འགོ་བརྩམས།

གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱིས་པུའུ་ལུང་ཏིས་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ལས་འགན་སྒྲུབ་པའི་འགན་ཁུར་ཕྲག་དུ་བླངས།  མིག་སྔར་བསྡོམས་པས་སྨན་བཅོས་རུ་ཁག་བཅོ་བརྒྱད་མངགས་གཏོང་བྱས་པ་དང་མི་གྲངས་སུམ་བརྒྱ་དང་དོན་གཉིས་ལ་སླེབས།  ཕྱི་ཡུལ་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་ནན་ཏན་གྱི་སྒོ་ནས་དཀའ་ངལ་ལ་མི་འཛེམ་པར་ཞབས་འདེགས་སྒྲུབ་ཕོད་པ།  སྲོག་སྐྱོབ་རྨས་སྐྱོར་བྱས་ནས་བརྩེ་སེམས་བླ་མེད་འབུལ་བའི་དགོངས་པ་ལག་བསྟར་བྱས་ཏེ།  སེམས་ཤུགས་གང་ཡོད་བཏོན་ནས་པུའུ་ལུང་ཏིས་མི་དམངས་ཀྱི་ནད་ཀྱི་སྡུག་བསྔལ་སེལ།   པུའུ་ལུང་ཏིས་ཡི་མི་ས་ཡ་གཅིག་དང་འབུམ་གཅིག་ཙམ་ལ་ནད་བཅོས་བྱས།  ཁོ་ཚོའི་ཡང་རྩེར་སོན་པའི་སྨན་བཅོས་ལག་རྩལ་དང་ཁྱད་དུ་འཕགས་པའི་སྨན་པའི་ཀུན་སྤྱོད་ལ་པུའུ་ལུང་ཏིས་སྲིད་གཞུང་དང་མི་དམངས་ཀྱི་ཚད་མཐོའི་བསྟོད་བསྔགས་ཐོབ། ཁོ་ཚོས་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་འོས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་བྱས་ཏེ།  རང་རྒྱལ་གྱི་ཕྱི་ཕྱོགས་བརྗེ་རེས་དང་མཉམ་འབྲེལ་ལ་དགེ་མཚན་བླ་མེད་འདོན་སྤྲོད་བྱས།

ལམ་ལ་མ་ཆས་པའི་སྔོན་དུ།  སྐོར་ཁག་བཅུ་དགུ་བའི་ཧྥེ་གླིང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་བསྟན་དོན།  མེས་རྒྱལ་གྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་ཁྱད་འཕགས་གྲུབ་འབྲས་དང་། རྩེར་སོན་ལག་རྩལ། ཞབས་ཞུ་བླ་མེད་བཅས་ལ་བརྟེན་ནས།  དུས་ཡུན་ལོ་གཅིག་གི་རོགས་སྐྱོར་འོས་འགན་ཡོངས་སུ་ལེགས་འགྲུབ་བྱས་ཏེ།  མེས་རྒྱལ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཡུར་དུ་ཟ་བའི་འབྲས་བུ་ལེན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། འབྲུག་མོ།