མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་འགན་ལེན་གྱི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་།
2019.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱས་པ་ལྟར་ན།  ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་སྤུས་ཚད་མཐོ་བའི་སྨན་བཅོས་འགན་ལེན་གྱི་ཞབས་ཞུ་མཁོ་འདོན་བྱེད་པར་ཧུར་བརྩོན་བྱས་པ་རེད།

སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་སྒྲོག་གཏིང་ཟབ་བྱས་ནས་རིམ་པ་སོ་སོའི་སྨན་བཅོས་འགན་ལེན་སྡེ་ཚན་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་མུ་མཐུད་སྐུལ་སློང་བྱས་ཏེ་སྲིད་ཇུས་དྲིལ་སྒྲོག་བྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་ཁག་གསལ་པོར་བཤད་པ་དང་། གནད་ལ་འཁེལ་བ། མང་ཚོགས་ཀྱི་སེམས་ལ་འབབ་པར་བཤད་པ་བཅས་བྱས་ཏེ། སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་དབུལ་སྐྱོར་སྐོར་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ལེགས་བཅོས་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། རང་ཞིང་གི“ནད་ཀྱིས་དབང་གིས་ཡང་བསྐྱར་དབུལ་པོར་འགྱུར་བའི”དབུལ་ཕོངས་མི་འབོར་གྱི་གཞི་གྲངས་དང་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་དང་། དམངས་སྲིད་དང་དབུལ་སྐྱོར་སྡེ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཆེར་གཏོང་། སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་དང་འགན་སྲུང་བྱེད་དགོས་པ་ཚང་མ་འགན་ལེན་བཅས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་སྲིད་ཇུས་བརྒྱ་ཆའི་བརྒྱ་ལོངས་སྤྱོད་དང་ལག་བསྟར་ཐུབ་པའི་འགན་ལེན་ཏན་ཏིག་བྱས་པ་རེད།

སྨན་རྫས་གཅིག་སྡུད་སྔོག་འདོན་ལ་སྐུལ་འདེད་དང་། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། “4+7”གྱི་གཅིག་སྡུད་སྔོག་འདོན་ལས་སྟེགས་ནང་བཅུག་ནས་ཞིང་ཆེན་ཡོངས་ཀྱི་སྨན་རྫས་དང་རྒྱུ་ཆ་བསྡུ་ལེན་རིན་གོང་ཇེ་དམའ་རུ་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་སྔར་བས་ཇེ་ཡང་དུ་བཏང་ནས། སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་ཇེ་མགྱོགས་སུ་གཏང་དགོས་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་སྨན་བཅོས་འགན་སྲུང་ཐེབས་རྩ་རྒྱུན་མཐུད་སྐུལ་འདེད་དང་མང་ཚོགས་ཀྱི་ནད་གསོ་སྨན་བཅོས་ཀྱི་དགོས་མཁོ་བསྐངས།

སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། རྒྱ་ཁྱབ་དང་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞིའི་ཐོག་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དགོས་མཁོ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱེད་པ། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱེད་པ། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།