མཚོ་སྔོན་གྱིས་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་གཉིས་པའི་རྟེན་འབྲེལ་ཚོགས་ཆེན་ཟི་ལིང་ནས་བསྡུས།
2019.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་གཉིས་པའི་་རྟེན་འབྲེལ་ཚོགས་ཆེན་ཟི་ལིང་ནས་བསྡུས་། ཚོགས་འདུའི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་གྱི་ཕུལ་བྱུང་སྨན་པའི་འཐུས་མི་ཝུའུ་ཐེན་ཡུས་དང་ཉི་མ། ཀྲའོ་ཧྲིན་ཞིག་སོགས་དང་ལྷན་དུ་བཞུགས་མོལ་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་བྱས་ཏེ། བདམས་ཐོན་བྱུང་བའི་མཐོ་སྒང་གི་སྨན་པ་བཟང་བོའི་འཐུས་མིར་དགའ་རྟགས་བྱིན་པར་མ་ཟད། དགའ་རྟགས་ཐོབ་པའི་སྨན་པའི་འཐུས་མི་རྣམས་ཀྱིས་གཏམ་བཤད། དེ་མིན་ད་དུང་སྨན་པའི་འཐུས་མི་རྣམས་ཀྱིས་ཀྲུང་གོའི་སྨན་པའི་མནའ་ཚིག་སྒྲོག་འདོན་བྱས།  །

རྩོམ་སྒྲིག་པ། འབྲུག་མོ།