འཇིགས་མེད་ཕུན་ཚོགས་ལགས་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམ་པ། 
2019.08.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 50

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་སྐབས་ལྔ་བའི་རིག་གཞུང་ཞིབ་འཇུག་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་འཇིགས་མེད་བོད་སྨན་ཚོགས་པའི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ལགས་ཡང་བསྐྱར་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་དྲུང་ཡིག་ཆེ་མོར་བདམས། དུས་མཚུངས་ཚོགས་གཙོ་གཞོན་པ་ཉེར་ལྔ་དང་། རྒྱུན་ལས་མི་སྣ་ང་བདུན། ལས་འཛིན་མི་སྣ་བརྒྱ་དང་བཅུ་བཅས་བདམས་ཐོན་བྱུང་། ལས་འཛིན་མི་སྣ་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཨ་མེ་རི་ཁ། ཨུ་རུ་སུ། བལ་བོ། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་གསུམ་ལྷག་ལ་ཁྱབ་ཡོད། 

རྩོམ་སྒྲིག་པ། འབྲུག་མོ།