སེམས་ཁམས་རྒྱུན་ལྡན་མིན་ཚེ་སྣང་ཚུལ་ག་འདྲ་འབྱུང་བ་ཡིན།
2019.08.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 50

དབང་རྩའི་ནད་ཀྱི་ནད་རྟགས་ཐོན་པ། དབང་རྩའི་ནད་ཀྱི་ནད་རྟགས་ནི་སེམས་ཁམས་རྒྱུན་ལྡན་མིན་པའི་ནད་རིགས་ཡང་མོའི་རྟགས་ཤིག་ཡིན། རྒྱུན་དུ་བར་ཆད་དང་འགལ་བ་བྱུང་ནས་ཐག་གཅོད་བྱེད་མ་ཐུབ་པར་དུས་ཡུན་རིང་པོར་སེམས་ལ་འཚུབ་ཆ་ལངས་པ་དང་སེམས་ཁྲལ་བྱུང་བ་ལས་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་པར་གོ། རྒྱུན་མཐོང་གི་ནད་རྟགས་ལ་སེམས་ཁྲལ་གྱི་ཚོར་སྣང་དང་། དབང་རྩ་རྒས་པ། ཐེ་ཚོམ་ཡོད་པ། ཡིད་མུག་པའི་ནད་རྟགས། ན་བའི་ནད་རྟགས་སོགས་ཐོན་གྱིན་ཡོད།

སེམས་ཁམས་ཀྱི་འགྱུར་བར་འགལ་རྐྱེན་བྱུང་བ། དེ་ནི་ངེས་ཤེས་དང་བརྩེ་བ། འདོད་བློ་སོགས་མཚོན་པའི་གོ་རིམ་ཁྲོད་སེམས་ཁམས་ལ་འགལ་རྐྱེན་ཐེབས་པ་ཡིན་ཞིང་། དཔེར་ན། ཚོར་བའི་བར་ཆད་དང་། བསམ་གཞིག་གི་བར་ཆད། བརྩེ་དུང་གི་བར་ཆད། འདོད་བློའི་བར་ཆད་བཅས་དང་ཕྱོགས་འདུས་རང་བཞིན་གྱི་འདོད་བློའི་བར་ཆད་དང་ཤེས་ནུས་ཀྱི་བར་ཆད་ལྟ་བུའོ། །

མི་གཤིས་ཀྱི་འགལ་རྐྱེན། མི་གཤིས་ཀྱི་འགལ་རྐྱེན་ཞེས་པའི་ཁྱད་ཆོས་གཙོ་བོ་ནི་མིའི་ལུས་སྟེང་དུ་གཞན་གྱི་བྱ་སྤྱོད་དང་མཐུན་ཐབས་མེད་པའི་མི་གཤིས་ཤིག་ཡོད་པ་དང་། མཐུན་ཐབས་མེད་པ་ཟེར་བ་ནི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་དེ་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་མོད། མི་རང་ཉིད་ཀྱི་ངོས་ཐད་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་སེམས་ཁྲལ་མེད་པ་དེ་རེད། གཙོ་བོ་མི་གཤིས་ཀྱི་འགལ་རྐྱེན་དང་། མིའི་ཁྱད་གཤིས་ཀྱི་འགལ་རྐྱེན། སྤྱི་ཚོགས་རྣམ་པའི་མི་གཤིས་ཀྱི་འགལ་རྐྱེན་བཅས་ཀྱི་སྣང་ཚུལ་ཐོན་གྱིན་ཡོད།

སྨྱོ་ནད་སྐོར། སྤྱིར་བཏང་དུ་ང་ཚོས་སྨྱོ་ནད་ཟེར་བ་ནི་སེམས་ཁམས་རྒྱུན་ལྡན་མིན་པ་དང་། དབང་རྩའི་ནད་རྟགས་སམ་སེམས་ཁམས་ཀྱི་དཀྲོག་རྐྱེན། སྨྱོ་ནད་བཅས་ཕོག་པའི་ནད་པའི་ལུས་སྟེང་དུ་རྒྱུན་མཐོང་དང་བསྟུད་མར་ནད་རྟགས་ཐོན་ནས་བྱ་སྤྱོད་དང་ནད་རྟགས་འདྲ་མིན་སྣ་ཚོགས་འབྱུང་བ་རེད། སྨྱོ་ནད་ཕོག་པའི་ནད་པའི་དབང་རྩའི་ནད་དང་སེམས་ཁམས་ཀྱི་འགལ་རྐྱེན་སྔར་བས་རྙོག་འཛིང་དུ་འགྲོ་བ་དང་། ཁོ་ཚོ་འཚོ་བ་དངོས་དང་རིང་དུ་གྱེས་ཏེ་སྟོང་བསམ་གྱི་ཁོར་ཡུག་ཅིག་ཏུ་འཚོ་སྡོད་བྱས་ནས། འཚོ་བ་དང་དེ་ལ་དེ་མཐུན་གྱི་བརྩོན་པ་དང་ནུས་པ་མེད་པ་རེད། སྤྱིར་བཏང་དུ་ཀླད་རྩ་ཐོར་བའི་སྨྱོ་ནད་དང་། བརྩེ་བ་རྒྱུན་ལྡན་མིན་པའི་སྨྱོ་ནད། རང་ཤེད་མཁྲེགས་འཛིན་བྱེད་པའི་སྨྱོ་ནད་རིགས་བཅས་ཡོད།

སྤྱིར་བཏང་དུ་སེམས་ཁམས་བདེ་ཐང་ཡིན་མིན་གྱི་བཤད་སྟངས་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་ཞེ་ན། སེམས་ཁམས་བདེ་ཐང་ཡིན་པ་དང་བདེ་ཐང་མིན་པ་ཟེར་བ་ནི་སེམས་ཁམས་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་འདུས་ཡོད་པ་ལས་ནད་རྟགས་འབྱུང་བའི་ཚད་རིམ་ལ་ཐོན་མེད། སེམས་ཁམས་བདེ་ཐང་དང་བདེ་ཐང་མིན་པ་གཉིས་ཀྱི་བར་ཕན་ཚུན་བསྒྱུར་རེས་བྱེད་ཆོག སེམས་ཁམས་རྒྱུན་ལྡན་མིན་པའི་སྐབས་སུ་འོས་འཚམ་སྒོས་སྙོམ་སྒྲིག་བྱེད་ཆོག་མོད། ཁྱོད་ཀྱི་སྙོམ་སྒྲིག་བྱེད་སྟངས་དེ་སེམས་ཁམས་བདེ་ཐང་ཡོང་བར་ཕན་མིན་ལ་བསམ་བློ་གཏོང་དགོས།

སེམས་ཁམས་ལ་གནད་དོན་བྱུང་ཚེ་སྨྱོ་ནད་ཀྱི་ནད་རྟགས་འབྱུང་སྲིད་དམ།

སྤྱིར་བཏང་དུ་སེམས་ཁམས་ཀྱི་ནད་རྟགས་ལ་དབྱེ་ན་རིམ་པ་བཞི་ཡོད་དེ། སྤྱིར་བཏང་གི་སེམས་ཁམས་གནད་དོན། ཚབས་ཆེ་བའི་སེམས་ཁམས་གནད་དོན། དབང་རྩའི་ནད་ཀྱི་ནད་རྟགས། སྙིང་ནད་བཅས་ཡིན། དེའི་ཕྱིར། སེམས་ཁམས་ཀྱི་གནད་དོན་དེ་བྱེད་ཐབས་ཡག་ཤོས་ལ་བརྟེན་ནས་ཐག་གཅོད་མ་བྱས་ན་སྨྱོ་ནད་ཀྱི་ནད་རྟགས་འབྱུང་བའང་ཡོད།

མི་རྣམས་རྒྱུན་ལྡན་གྱི་འཚོ་བའི་ནང་གཡོལ་ཐབས་མེད་པ་ནི་དོན་དག་འདྲ་མིན་ལས་བསྐྱེད་པའི་སེམས་ཁམས་གནད་དོན་འབྱུང་བ་དང་། དེ་ལ་སྤྱིར་བཏང་གི་སེམས་ཁམས་གནད་དོན་ཟེར་ཞིང་། སྤྱིར་བཏང་གི་སེམས་ཁམས་གནད་དོན་དུས་ལྟར་ཐག་གཅོད་མ་བྱས་ཚེ་རིམ་བཞིན་ཛ་དྲག་ཆེ་བའི་སེམས་ཁམས་གནད་དོན་དུ་འགྱུར་འགྲོ་བ་རེད། གལ་ཏེ་སྐབས་ཐོག་དེར་སེམས་ཁམས་གནད་དོན་དུས་ལྟར་ཐག་གཅོད་མ་བྱས་ཚེ་དབང་རྩའི་ནད་ཀྱི་ནད་རྟགས་དང་སྨྱོ་ནད་འབྱུང་བའང་ཡོད། ང་ཚོའི་ཡིད་ལ་འཇགས་རྒྱུ་ཞིག་ནི་སྨྱོ་ནད་ཀྱི་ནད་རྟགས་ཡོད་ཚད་སེམས་ཁམས་གནད་དོན་ལ་བརྟེན་ནས་བྱུང་བ་མིན། །

རྩོམ་སྒྲིག་པ། འབྲུག་མོ།