ཡན་ཅིན་ཧེ་ཡིས་སྨན་བཅོས་འགན་སྲུང་ཁོངས་གཏོགས་ལ་་རྟོག་ཞིབ་བྱེད་སྐབས་དམངས་ཡོངས་བདེ་ཐང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
2019.09.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ཉེ་ལམ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་སྨན་བཅོས་འགན་སྲུང་ཁོངས་གཏོགས་ལ་རྟོག་ཞིབ་བྱས།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན།   དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ་དང་།   འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་འབྲེལ་བ་ཡོད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་བདེ་ཐང་དང་སྨན་བཅོས་འགན་སྲུང་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་སྨན་བཅོས་འགན་སྲུང་ལམ་ལུགས་རྒྱུན་ཆད་མེད་པར་ལེགས་བཅོས་དང་།  སྨན་བཅོས་ཐད་མ་དངུལ་གཏོང་ཚད་ལོ་རེ་བཞིན་ཇེ་མང་དུ་བཏང་ལ། འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་བཏང་ནས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཁེ་དབང་ལ་ནུས་ཡོད་ཀྱི་འགན་སྲུང་ཐོབ།   མིག་སྔར།   མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་།  སྨན་བཅོས་འགན་སྲུང་བྱ་བ་དེ་མང་ཚོགས་ཀྱི་བདེ་ཐང་ཕྱུག་འགྱུར་དང་འབྲེལ་བ་ཡོད་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པའི་ཆ་ནས།   ངེས་པར་དུ་གཞི་རྩར་འགན་སྲུང་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དང་།   ཚན་རིག་དང་མཐུན་པའི་སྒོ་ནས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ་དང་།   སྨན་བཅོས་འགན་སྲུང་གཏོང་སྤྲོད་བྱེད་ཐབས་འཐུས་ཚང་དུ་གཏོང་བ།  སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ནད་སྟོན་དཀའ་བ་དང་སྨན་རིན་དཀའ་བའི་གནད་དོན་ཐག་བཅད་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།