བྲེལ་འཚུབ་ལངས་ན་ལུས་པོར་ཤུགས་རྐྱེན་ག་འདྲ་ཐེབས་པ་ཡིན།
2019.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

བྲེལ་འཚུབ་ལངས་པ་ཟེར་བ་ནི་མིའི་ལུས་སེམས་གཉིས་ནས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ཚད་ལས་བརྒལ་བའི་ཚོར་སྣང་སྐྱེས་པའི་རྣམ་པ་ཞིག་ལ་གོ། བྲེལ་འཚུབ་ལངས་ཚེ་མིའི་ལུས་པོར་ལེགས་ཆ་དང་ཞན་ཆ་གཉིས་ཡོད་དེ། ལེགས་ཆའི་ཕྱོགས་ནས་གཤམ་གསལ་ལྟར།

བྲེལ་འཚུབ་ཀྱིས་བློ་གྲོས་མངོན་ཐུབ། གནོན་ཤུགས་ཆུང་ངུས་མིའི་ཀླད་ཆེན་ལ་དབང་རྩའི་འཚོ་བཅུད་རྒྱུ་གྲངས་ཞེས་པའི་རྫས་འགྱུར་དངོས་པོ་ཞིག་བསྐྱེད་པར་མ་ཟད། ད་དུང་ཀླད་ཆེན་གྱི་དབང་རྩའི་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་ཐུབ།

མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་ཐུབ། དུས་ཡུན་ཐུང་ངུའི་གནོན་ཤུགས་ཀྱིས་མིའི་ལུས་སྟེང་དུ་འགོག་ཤུགས་ནུས་པ་བསྐྱེད་ཐུབ་པ་དང་། མིའི་ལུས་པོས་རིམས་འགོག་ནུས་པ་སྙོམས་སྒྲིག་བྱས་ནས་དུས་ཡུན་ཐུང་ངུའི་ནང་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།

ཁོར་ཡུག་ལ་འཕྲོད་ཤུགས་ཇེ་དྲག་ཏུ་གཏོང་ཐུབ། ཡང་དང་བསྐྱར་དུ་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་དང་འཕྲད་ཚེ། སེམས་ཁམས་དང་ལུས་ཁམས་ཀྱི་ཚོད་འཛིན་ནུས་པར་སྦྱོང་བརྡར་ཐོབ་ནས་ཉེན་ཁར་ཐུག་ན་བློ་སེམས་བརྟན་པོར་ཚུགས་ཐུབ།

བརྩོན་སེམས་ལ་སྐུལ་མ་གཏོང་ཐུབ། དྲང་ཕྱོགས་ཀྱི་གནོན་ཤུགས་ལ་ཚན་རིག་པའི་སྡེ་རུ་དགེ་མཚན་ལྡན་པའི་གནོན་ཤུགས་སུ་འབོད་པ་རེད། དེ་ནི་བྱ་བ་ཞིག་ལེགས་འགྲུབ་འབྱུང་དགོས་ན་གནོན་ཤུགས་ལྡན་དགོས་ཟེར་བའི་དཔེའོ། །

ཡིན་ཡང་དུས་ཡུན་རིང་པོའམ་རྒྱུན་པར་ཚད་ལས་བརྒལ་བའི་བྲེལ་འཚུབ་ལངས་ཚེ་ང་ཚོར་ཐོབ་པ་ནི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡིན། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ནི་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ། ཁྲག་ཤེད་ཇེ་མཐོར་འགྲོ་བ། དེ་མིན་ཟས་ཀྱི་ཡི་ག་འགག་པ། འཇུ་སྟོབས་ཞན་པ། ཕོ་རྒྱུ་དོ་མི་མཉམ་པ། རྐང་ལག་ལ་ཤེད་ཤུགས་མེད་པ། ཐང་ཆད་སླ་བ། རྒྱུན་པར་མགོ་ན་བ། ཤ་གནད་ལ་ཟུག་གཟེར་ལངས་པ། རྨི་ལམ་མང་ཞིང་གཉིད་ཁུག་དཀའ་བ། དེས་མི་ཚད་ད་རུང་གཅིན་སྙི་ཟ་ཁུ་དང་སྙིང་ནད། མིག་འབྲུམ། གྲིབ་ཕོག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།