སྐྱེས་པའི་བདེ་ཐང་གི་ཉིན་མོ།
2019.10.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

ཉིས་སྟོང་ལོ་ནས་བཟུང་། སྔོན་ཆད་ཀྱི་རྒྱལ་ཁབ་མི་གྲངས་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ལོ་རེའི་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་ནི“སྐྱེས་པའི་བདེ་ཐང་ཉིན་མོར”གཏན་འཁེལ་བྱས་ཏེ། ས་གནས་སོ་སོས་སྐྱེས་པའི་བདེ་ཐང་སྐོར་གྱི་དྲིལ་སྒྲོག་བྱེད་ཤུགས་དར་སྤེལ་དུ་གཏོང་བ་དང་། ཁྱིམ་ཚང་དང་སྤྱི་ཚོགས་ཀྱིས་སྐྱེས་པ་ཚོར་སྔར་ལས་ལྷག་པས་གཅེས་སྐྱོང་དང་སྐྱེས་པའི་བདེ་ཐང་ལ་དོ་སྣང་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏོན་ཡོད།

ཀླད་ཤུད་ཀྱིས་ཅི་ཞིག་མཚོན་ནུས།

ཀླད་པའི་སྟེང་གི་སྐྲ་ཤུད་པ་དེ་སྐྱེས་པའི་ཁྲོད་དུ་ཆེས་རྒྱུན་མཐོང་གི་སྣང་ཚུལ་ཅིག་ཡིན་ཞིང་། དེ་ནི་ཕོ་གཤིས་སྐུལ་རྩིའི་ཚད་མཐོ་བ་དང་འབྲེལ་བ་དམ་པོ་ཡོད། དེ་ཡང་ཞིབ་ཏུ་བཤད་ན། ཀླད་པའི་སྟེང་གི་སྐྲ་ཤུད་པའི་མི་ལ་གཅིག་ནས་སྙིང་ནད་འབྱུང་བའི་ཉེན་ཁ་ཆེ་བ་དང་། གཉིས་ནས་མདུན་ཆགས་གཤེར་རྨེན་ཆེར་རྒྱས་བར་འགྱུར་བ། གསུམ་ནས་གནོན་ཤུགས་ཀྱི་འདུ་ཤེས་ལྷག་ཏུ་ཆེ། བཞི་ནས་སྐེ་རྨེན་འཁྲུགས་སྲིད། ཀླད་ཤུད་དང་སྐྲ་ཤུད་པ་དེ་ཨོལ་གོང་གཤེར་རྨེན་གྱི་བྱེད་ལས་རྒྱུན་ལྡན་མིན་པར་གྱུར་བའི་མཚོན་རྟགས་ཤིག་ཀྱང་ཡིན་སྲིད།  ལྔ་ནས་རིམས་འགོག་མ་ལག་ལ་འགོག་རྐྱེན་ཐེབས་སྲིད་པ་བཅས་ཡིན།

ལོ་ཙཱ་བ། འབྲུག་མོ།