ཉེ་ཆར། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དང་བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས་ཁག་གཅིག་ཏུ་བསྐྱོད་དེ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཁེ་ལས་ཀྱི་དགོས་མཁོ་དང་བསམ་འཆར་དང་གྲོས་འགོ་ལ་ནན་ཏན་ངང་ཉན་པ་དང་། ཚན་རྩལ་གསར་གཏོད་ཀྱི་དཀའ་གནད་སེལ་བའི་ཐབས་ཇུས་དང་བྱེད་ཐབས་བཏོན་པ་རེད། ཁོས་ནན་བཤད་བྱས་དོན། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཚན་རྩལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་འཕྱུགས་མེད་བཙལ་ཏེ། ཚན་རྩལ་གསར་གཏོད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཟེར།
ཀྲང་ལིས་ཡིས་ཚན་རྩལ་ལས་དོན་པ་དང་ཚན་རྩལ་སྡེ་ཚན་ལ་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་དགོས་མཁོ་གནད་ལ་འཁེལ་པོས་འཚོལ་བ་དང་། གནད་འཁེལ་འབྲེལ་མཐུད་དང་། སྲིད་གཞུང་གི་ཁྲིད་སྟོན། ཁྲོམ་རའི་གཙོ་ཁྲིད། ཁེ་ལས་ཀྱི་གཙོ་གཞི་བཅས་མགྱོགས་མྱུར་ཆགས་པར་བྱེད་པ། གཉིས་ཕན་གཉིས་ཁེ་དང་མཉམ་ལས་ཟུང་རྒྱལ་འཕེལ་རྒྱས་ཀྱི་ལམ་སྲོལ་བཟང་པོ་ཞིག་གང་མགྱོགས་ཆགས་པར་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆ་སྔོག་འདོན་ལེགས་སྒྲིག་དང་། སྨན་རྫས་གསར་སྤེལ། སྨན་རྫས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་བཅས་ཡག་པོ་བྱ་རྒྱུར་གཙོ་གནད་ཐོག་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་དགོས་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ལེགས་ཆར་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་དང་ཁེ་ལས་ཀྱི་གསར་གཏོད་ལ་བརྟེན་ནས་སྨན་བཅོས་བྱེད་ཐབས་གསར་གཏོད་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཚོགས་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་དང་། ཐོན་ཁུངས་སྡེབ་སྒྲིག་དང་སྟོབས་ཤུགས་མཉམ་འདུས། ལག་རྩལ་འགག་སྒྲོལ་དང་། གསར་གཏོད་ལས་སྟེགས་མཉམ་སྐྲུན། གསར་གཏོད་མནའ་འབྲེལ་འཛུགས་པ་བཅས་མཉམ་འབྲེལ་ཐོག་སྤེལ་བ། མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་ཚད་གཞིའི་བདེན་དཔང་ར་སྤྲོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་རིགས་ཀྱི་ཐོན་ལས་ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བཅས་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འཇམ་པོའི་རང་བཞིན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་གསར་གཏོད་བྱེད་པ། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ། གསར་གཏོད་ཀྱི་ཚོགས་པ་ཆགས་པ་བཅས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་ཤེས་ལྡན་མི་སྣའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལག་རྩལ་གཞན་སྒྱུར་གྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་དགོས་པའི་བླང་བྱ་བཏོན།
རྩོམ་སྒྲིག་པ། འབྲུག་མོ།