​ བདེ་ཐང་དབུལ་སྐྱོར་གྱི“ཁེབས་པ་བཅུ” ཟེར་བ་དེ་གང་ཡིན།
2019.11.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

གཅིག ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་ལ་རིན་མི་ལེན་པར་སྐྱ་འགྲིབ་མིག་ནད་གཤག་བཅོས་བྱེད་པ་ཡོངས་སུ་ཁེབས་པ།

གཉིས། དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེ་རང་བཞིན་གྱི་སྙིང་ནད་བྱུང་བའི་ནད་པར་གཤག་བཅོས་བྱེད་པར་རོགས་སྐྱོར་བྱེད་པ་ཡོངས་སུ་ཁེབས་པ།

གསུམ། ཐུམ་འབུའི་ནད་ལ་རིན་མི་ལེན་པར་སྨན་རྫས་ཀྱིས་གསོ་བཅོས་བྱེད་པ་དང་གཤག་བཅོས་བྱས་པར་ཁ་གསབ་བྱེད་པ་ཡོངས་སུ་ཁེབས་པ།

བཞི། དབུལ་ཕོངས་ས་ཆའི་སྐྱེས་ལོ་རན་པའི་བུད་མེད་ལ་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་པ་ཡོངས་སུ་ཁེབས་པ།

ལྔ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་གསར་སྐྱེས་བྱིས་པར་ནད་རིགས་ཡོད་མེད་ལ་རིན་མི་ལེན་པར་བརྟག་དཔྱད་བྱེད་པ་ཡོངས་སུ་ཁེབས་པ།

དྲུག རོང་འབྲོག་ཁུལ་གྱི་དབུལ་ཕོངས་བྱིས་པའི་འཚོ་བཅུད་ལེགས་བསྒྱུར་ལས་གཞི་ཡོངས་སུ་ཁེབས་པ།

བདུན། དབུལ་ཕོངས་ས་ཆར་རིན་མི་ལེན་པར་མངལ་མ་སྦྲུམ་གོང་གི་ལེགས་སྐྱེ་བདེ་ཐང་ཐད་ཀྱི་ཞིབ་བཤེར་བྱེད་པ་ཡོངས་སུ་ཁེབས་པ།

བརྒྱད། དབུལ་ཕོངས་ས་ཆའི་འཆར་ལྡན་བུ་སྐྱེར་རིན་མི་ལེན་པའི་ལག་རྩལ་ཞབས་ཞུ་ཡོངས་སུ་ཁེབས་པ།

དགུ། དབུལ་ཕོངས་མི་གྲངས་ལ་སྨན་བཅོས་རོགས་སྐྱོར་བྱེད་པ་ཡོངས་སུ་ཁེབས་པ།

བཅུ“གསུམ་མེད”མི་སྣར་དུས་ཐོག་ཏུ་བྲེལ་བསྟུན་རོགས་སྐྱོར་བྱེད་པ་དང་། དབུལ་ཕོངས་ས་ཆའི་ལོ་རེ་ལྔའི་ཡན་གྱི་རྒན་པར་རིན་མི་ལེན་པར་ལུས་པོར་ཞིབ་བཤེར་བྱེད་པ་ཡོངས་སུ་ཁེབས་པ་བཅས་སོ།

ལོ་ཙཱ་བ། འབྲུག་མོ།