དོན་དངོས་ཀྱི་སྟེང་ནས་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་དགུན་དུས་དྲོད་ལེན་འགྲོ་གྲོན་གྱི་ཁུར་པོ་ཇེ་ཉུང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱ་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས“ཞན་ཆ་གསབ་པ་དང་། མ་མཐའི་མཚམས་ཐིག་སྲུང་བ། དྲ་བ་དམ་པོ་འདིང་བ། ལམ་སྲོལ་འཛུགས་པ། མྱུར་སྐྱོབ་དཀའ་སེལ། དམངས་ཚིས་ལ་ཕན་པ”བཅས་ཀྱི་བླང་བྱ་ལྟར། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་དགུན་དུས་དྲོད་ལེན་གྲོན་དངུལ་ཁ་གསབ་བྱེད་ཁོངས་སུ་བཅུག་སྟེ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་དྲོད་ཁོལ་སྦྱིན་པ་རེད།
ཆེ་ལེན་རྫོང་གི་ཐེངས་འདིའི་ཁ་གསབ་རོགས་སྐྱོར་སྤྲོད་ཡུལ་དེ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་བཞི་བཅུ་དང་མི་སུམ་བརྒྱ་རེ་བཞི་ཙམ་ལ་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་རེར་ལོ་རེར་སྒོར་སྟོང་གཅིག་གི་ཚད་གཞི་ལྟར་ཁ་གསབ་བྱ་རྒྱུ་དང་། ཉིས་སྟོང་བཅུ་དགུ་ལོའི་ཁ་གསབ་དངུལ་གྲངས་སྒོར་འབུམ་གསུམ་དང་ཁྲི་བཞི་ཟིན་པ། མ་དངུལ་ཡོང་ཁུངས་དེ་ལོ་ལྟར་བསྡུ་ལེན་བྱས་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་ཁྲོད་ནས་གཏང་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་དགུན་དུས་དྲོད་ལེན་ཁ་གསབ་འདུན་ཞུའི་གོ་རིམ་སྔར་བས་སྟབས་ཇེ་བདེ་རུ་གཏང་ཆེད། ཆི་ལེན་རྫོང་གིས“བྱང་བུ་གཅིག་ཀུན་ཁྱབ”ཀྱི་སྤྱི་ཚོགས་ཅན་གྱི་རྣམ་པར་བརྟེན་ནས། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་སུ་ཤར་གཏོང་བྱས་ནས། དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཚོར་བ་བཅས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།