འགུལ་སྐྱོད་གང་དག་གིས་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་ཐུབ་བམ།
2019.12.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

འཕེན་འཕང་སྤོ་ལོ་རྩེ་བ། འཕེན་འཕང་སྤོ་ལོ་རྩེད་སྐབས། བློ་རྩེ་གཅིག་ཏུ་སྒྲིམ་ནས་འཕེན་འཕང་སྤོ་ལོ་གར་འགྲོའི་ཕྱོགས་ལ་ཅེར་དགོས་ཤིང་། འཕེན་འཕང་སྤོ་ལོ་ནི་ཐག་ཉེ་རིང་དང་ཕྱོགས་ཡར་མར་གང་ལ་ཡང་བརྒྱུགས་པས། དེས་ཉེ་རིང་བརྗེ་སྒྱུར་གྱི་སྦྱོང་བརྡར་བྱེད་ཐུབ་ལ། བྱིས་པའི་ནུས་པ་སྙོམས་སྒྲིག་ལ་སྦྱོང་བརྡར་ཐོབ་ནས་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་ཐུབ། དུས་མཚུངས་སུ་གཞུང་ལུགས་ཀྱི་ནང་དུའང་དེ་ལྟར་འདོད་ཡོད་དེ། འཕེན་འཕང་སྤོ་ལོ་རྩེད་ན་མིག་གི་རྫི་མའི་འོག་གི་ཤ་གནད་ལ་ཕན་ཐོགས་པ་དང་མིག་ཤ་ལྷོད་གཡེང་དུ་གཏོང་བར་ཕན། སྤོ་ལོ་གར་འགྲོའི་ཕྱོགས་ལ་མིག་གིས་ཇི་ལྟར་ཅེར་ན། མིག་སྐྱིའི་ཤ་གནད་ཀྱང་དེ་བཞིན་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པས། མིག་ནང་གི་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་འགྲོ་བ་དང་། མིག་གིས་མཐོང་ཚད་ཇེ་ལེགས་སུ་འགྲོ་བ། མིག་ཐང་ཆད་པའི་སྣང་བ་སེལ་ཐུབ་པར་མ་ཟད། ད་དུང་ཕན་འབྲས་ལྡན་པའི་སྒོ་ནས་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་ཐུབ།

བྱ་རིགས་ལ་ལྟ་བ་དང་ཤོག་བྱ་སྤུར་བ་སོགས་ཕྱི་རོལ་གྱི་ལྗོངས་རྒྱུ་བྱ་འགུལ་ནང་ཞུགས་པ། བྱ་རིགས་ལ་ལྟ་བའི་སྐབས་སུ་བྱ་ཡིས་ཟས་རིགས་འཚོལ་བ་དང་བྱ་རྣམས་འཕུར་ལྡིང་བྱེད་པའི་འགྲོས་དང་བསྟུན་ནས། ང་ཚོའི་མིག་ཀྱང་དེའི་ཕྱོགས་སུ་འཁོར་ནས་འགྲོ་བ་དང་། མིག་འབྲས་འཁོར་བའི་མགྱོགས་ཚད་དང་བར་ཐག་ཀྱང་རིམ་བཞིན་འགྱུར་འགྲོ་བས་མིག་གི་ནུས་པ་གསོ་སྐྱོང་བྱེད་པར་ཕན། ཤོག་བྱ་གནམ་ལ་སྤུར་ཚད་ཇི་ལྟར་མཐོ་ན་སེམས་ཁམས་དེ་བཞིན་སྐྱིད་པོ་ཡོང་བར་མ་ཟད། ད་དུང་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་པར་ནུས་པ་མི་དམན་པ་ཐོན་གྱིན་ཡོད། དེ་ནི་རྒྱུན་པར་ང་ཚོས་མིག་འབྲས་འགུལ་སྐྱོད་བྱེད་དུས་ཐག་ཉེ་མ་གཏོགས་ཐག་རིང་གི་ཕྱོགས་སུ་མི་ལྟ་བས་ཡིན། ཤོག་བྱ་གནམ་ལ་སྤུར་བའི་སྐབས་སུ་རྒྱང་ཐག་རིང་ཞིང་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་ཤོག་བྱའི་ཕྱོགས་སུ་བལྟས་ན། མིག་གི་རྫི་མའི་འོག་གི་ཤ་གནད་ལྷོད་གཡེང་དང་ངལ་གསོ་བྱེད་ཐུབ། དེའི་ཕྱིར། ང་ཚོས་རྒྱུན་པར་ཉིན་གཅིག་གི་དུས་ཚོད་ནང་ལྗོངས་ཕྱིའི་བྱ་འགུལ་ནང་ཞུགས་ན་ཆུང་དུས་ཀྱི་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་ཐུབ།

རྩོམ་སྒྲིག་པ། འབྲུག་མོ།