མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ།
2019.12.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས།  ཚོགས་ཐོག་དུ་ད་ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་སྐབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཅེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་ལ། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐའོ་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཚོགས་འདུའི་ཐོག་བསྟན་དོན། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་བའི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་ལྟེ་བར་བཟུང་ནས་ཟས་རིགས་དང་སྨན་རྫས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཁྲིམས་སྐྱོང་དང་ཡིད་རྟོན་གྱི་དགོངས་པར་བརྟེན་ནས“དམངས་ཀྱི་འཚོ་བ་ཟས་ལ་བརྟེན”ཞེས་པའི་སྤྱི་ཚོགས་མཉམ་བཅོས་ཀྱི་ཁོར་ཡུག་བསྐྲུན་པ་དང་། དམིགས་འབེན་དང་གནད་དོན་ཁྲིད་སྟོན་དུ་བཟུང་ནས་འགལ་བ་འབུར་ཐོན་རྣམས་ཐག་གཅོད་བྱེད་པ། འགན་འཁྲིའི་ལམ་ལུགས་འབྲེལ་ཐག་ཏུ་བྱས་ཏེ་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་གཅིག་མཐུན་འདུས་གྲུབ་བསྐྲུན་པ། ཚན་རྩལ་གསར་གཏོད་ཀྱིས་འདེགས་སྐྱོར་དུ་བྱས་ཏེ་ལྟ་སྐུལ་དོ་དམ་ལས་དོན་གྱི་ཞན་ཆ་གསབ་པ། ཏང་གི་འགོ་ཁྲིད་དང་མི་དམངས་ཟབ་ཞུགས་བྱེད་པར་བརྟེན་ནས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་འགན་སྲུང་བྱེད་པ་བཅས་བྱེད་དགོས།

རྩོམ་སྒྲིག་པ། འབྲུག་མོ།