ལྒང་ལི་མ་བརྒྱབ་པའི་སྔོན་ལ་འགུལ་སྐྱོད་ཇི་ལྟར་བྱེད་དགོས་སམ།
2019.12.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 83

སྤྱིར་བཏང་དུ་ལྒང་ལི་མ་རྩེ་བའི་སྔོན་ལ། ལུས་ཕུང་སྦྱོང་བརྡར་ངེས་ཅན་ཞིག་བྱེད་དགོས། དེ་ལྟར་བྱས་ན་ལྒང་ལི་རྩེད་བར་ཕན་འབྲས་ཧ་ཅང་ལེགས་པོ་ཐོན་ཐུབ་པ་དང་། འགུལ་སྐྱོད་ཛ་དྲག་ཆེ་བའི་དབང་གིས་རྨས་སྐྱོན་མི་ཕོག་པ་སྔོན་འགོག་བྱེད་ཐུབ།

རྐང་ཚིགས་འཆུས་པ། རྐང་པའི་སྲེ་ལོང་ནི་ལྒང་ལི་རྩེ་བའི་སྐབས་སུ་རྨས་སྐྱོན་ཆེས་ཕོག་སླ་བའི་གནས་ཤིག་རེད། རྒྱུ་མཚན་ནི་དུས་རྒྱུན་ལྒང་ལི་རྩེད་པའི་སྐབས་སུ་རྐང་པ་འཁྱོག་པའི་གནས་ཚུལ་མཐོང་སླ་ཞིང་། རྐང་པ་འཆུས་པར་རྒྱུ་རྐྱེན་གཉིས་ཡོད་དེ། སེམས་ཆུང་མ་བྱས་པར་གཞན་གྱི་རྐང་པར་སྤོས་པ་དང་། ལུས་སྦྱོང་མ་བྱས་པར་རྐང་ཚིགས་འཆུས་པ་གཉིས་ཡིན། དེའི་ཕྱིར་ང་ཚོས་རྐང་ཚིགས་ལ་སྲུང་སྐྱོབ་བྱེད་དགོས་ན། ལྒང་ལི་མ་རྩེ་བའི་སྔོན་ལ་རྐང་ཚིགས་མཉེན་མོ་ཡོང་བ་དང་ལུས་སྟོབས་རྒྱས་པར་སྦྱོང་བརྡར་བྱེད་དགོས།

མར་ཙོག་པའི་འགུལ་སྐྱོད། ལུས་པོ་དགྱེས་སྒུར་རམ་མར་ཙོག་ནས་པུས་མོར་འགུལ་སྐྱོད་བྱས་ན། པུས་མོའི་དབང་རྩ་མཉེན་མོ་ཡོང་བའི་ཚོར་བ་འབྱུང་བ་རེད། དེ་ལྟར་བྱས་ན་གཟུགས་པོ་བདེ་ཐང་དང་ལུས་པོ་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ།

ཕར་རྒྱུག་ཚུར་རྒྱུག་བྱེད་པ། ཕར་རྒྱུག་ཚུར་རྒྱུག་བྱས་ན་ལུས་སྟེང་ནས་རྔུལ་ཆུ་བཞུར་བ་དང་། རྐང་བདེ་ལག་མྱུར་ཡོང་བར་ཁག་ཐེག་བྱས་ཐོག འགྲན་བསྡུར་སྐབས་ཀྱི་བྱ་རིམ་སོ་སོར་འཕྲོད་པས། འགྲན་བསྡུར་སྐབས་སུ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ།

ལག་པ་དང་དཔུང་བའི་འགུལ་སྐྱོད། ལག་པ་དང་དཔུང་བ་འགུལ་སྐྱོད་བྱེད་པ་ནི་ལྒང་ལི་རྩེ་མཁན་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་རེད། དེས་ཐད་ཀར་ལྒང་ལི་འཕེན་པའི་ཚོར་བ་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། །

རྐང་རྩེད་སྤོ་ལོ་རྩེ་བའི་སྐབས་སུ་མཉམ་འཇོག་ས་གང་དག་ཡོད།

རྐང་རྩེད་སྤོ་ལོ་རྩེད་སྐབས་འདུར་རྒྱུག་བྱེད་ཚད་ཅུང་མང་བ་དང་། ལུས་པོ་འགུལ་ཚད་དང་རྔུལ་ཆུ་བཞུར་ཚད་ཅུང་མང་བས། སྦྱོང་བརྡར་ལ་ཞུགས་སྐབས་ལུས་ལ་གྱོན་པ་གང་བདེ་དང་རླུང་རྒྱུ་ཐུབ་པའི་ལྭ་བ་གྱོན་རྒྱུ་ཡང་ཤིན་ཏུ་གལ་ཆེ་ལ། ངེས་པར་འདྲེད་འགོག་ཐུབ་པའི་རྐང་རྩེད་སྤོ་ལོའི་ལྷམ་གོན་དགོས། འགྲན་བསྡུར་གྱི་སྐབས་སུ་འདྲེད་འགོག་ཐུབ་པའི་རྐང་རྩེད་སྤོ་ལོའི་ལྷམ་གྱོན་པ་ལས། རྒྱུན་ལྡན་གྱི་སྦྱོང་བརྡར་ཁྲོད་ཆེད་སྤྱོད་རྐང་རྩེད་སྤོ་ལོའི་ལྷམ་གྱོན་ན་མི་རང་ཉིད་དང་ཡང་ན་མི་གཞན་ལ་དགོས་མེད་ཀྱི་གནོད་སྐྱོན་འབྱུང་གིན་ཡོད་པས་སྔོན་འགོག་བྱེད་དགོས།

རྐང་རྩེད་སྤོ་ལོའི་སྒྲིག་བཀོད་ཀྱི་བླང་བྱ་དང་མི་མཐུན་པའི་ས་ཆར་སྦྱོང་བརྡར་བྱེད་མི་རུང་། ས་མི་སྙོམས་པ་དང་རྡོ་ཧྲུག་མང་བ(རྒྱུག་ལམ་དང་བྱེ་དོང)སོགས་ཀྱིས་ལོང་ཚིགས་འཆུས་པ་དང་། རུས་སྐྱིར་རྨས་སྐྱོན་ཕོག་སླ་བ་རེད།

འགུལ་སྐྱོད་བྱེད་པའི་སྐབས་སུ། འགུལ་སྐྱོད་ཀྱི་ཚད་ནི་ཅུང་ཞི་ལྷོད་ཡིན་པ་དང་། འགུལ་སྐྱོད་བྱེད་ཚད་རིམ་བཞིན་ཇེ་ཆེར་གཏོང་བ་ལས། འགུལ་སྐྱོད་ཚད་ལས་བརྒལ་ན་ཕན་ཐོགས་ཆེར་མེད་པ་རེད། དེའི་ཕྱིར་ཚད་རིམ་དམའ་བའི་འགུལ་སྐྱོད་ནི་འགྲན་བསྡུར་སྔོན་གྱི་གྲ་སྒྲིག་བྱེད་པའི་གོ་རིམ་ཞིག་ཡིན།

དབྱར་ཁར་སྦྱོང་བརྡར་བྱེད་སྐབས། ཆུ་འོས་འཚམ་སྒོས་ཁ་གསབ་བྱེད་དགོས། འགུལ་སྐྱོད་ཁྲོད་དུས་ཚོད་ངེས་ཅན་ནང་ཆུ་འཐུང་བ་ལས། སྐོམ་དྲགས་པའི་དུས་སུ་ཆུ་ཧམ་འཐུང་བྱས་ན་ལུས་པོ་བདེ་ཐང་ཡོང་བར་གནོད་ཅིང་། འགུལ་སྐྱོད་བྱས་རྗེས་འགུལ་སྐྱོད་ཀྱི་བཏུང་བྱ་དང་ཚྭ་མེད་ཆུ་ཉུང་ཙམ་བཏུང་ན་ཆོག དེ་མིན་གཏེར་ཆུ་ཡང་ཚད་ཉུང་བའི་སྒོ་ནས་ཐེངས་མང་པོར་འཐུང་དགོས།

གནམ་གཤིས་མི་ལེགས་པའི་སྐབས་སུ་ལུས་པོ་སྦྱོང་བརྡར་བྱེད་མི་རུང་། དྲོད་ཚད་མཐོ་བ་དང་བརླན་གཤེར་ཆེ་བའི་སྐབས་སུ། ཚ་དུག་དང་རྩ་འཁུམ་པར་སྔོན་འགོག་བྱ་རྒྱུ་གལ་ཆེ་ཞིང་། དྲོད་ཚད་དམའ་ཞིང་བརླན་གཤེར་ཆེ་བའི་དུས་སུ་དྲོད་སྲུང་ལ་བརྟེན་ནས་འཁྱགས་པར་གཟབ་དགོས། །

རྩོམ་སྒྲིག་པ། འབྲུག་མོ།