སྨན་རྫས་ཀྱིས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད། ཐ་ན་ནད་ཐོག་ནས་ནད་བརྟག་སྨན་བཅོས་བྱེད་པར་ནོར་འཁྲུལ་འབྱུང་དུ་འཇུག་སྲིད་པ་དང་། གསོ་བཅོས་ལ་འགོར་འགྱངས་གཏོང་བ། ཚབས་ཆེ་ན་ད་དུང་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད། དེས་ན་རྒྱུན་མཐོང་གི་སྨན་རྫས་གང་དག་གིས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ནོར་འཁྲུལ་འབྱུང་དུ་འཇུག་སྲིད་ཟེར་ན།
གཅིག དུག་སྲིན་འགོག་སྨན། ཧོང་ཨན(磺胺)རིགས་ཀྱི་སྨན་རྫས་དང་ཆིན་མེ་སུའུ(青霉素)སོགས་དུག་སྲིན་འགོག་སྨན་གྱིས་ཁྲག་རྒྱུན་ཁྲོད་ཀྱི་གཅིན་སྐྱུར་གྱི་གར་ཚད་ཇེ་མཐོར་གཏོང་སྲིད་ཅིང་། “དྲེག་ནད་གདག་གཤིས”ལ་གོ་ནོར་འབྱུང་དུ་འཇུག་སྲིད། ཧོང་ཨན(磺胺)རིགས་ཀྱི་སྨན་རྫས་བསྟེན་རྗེས་དྲི་ཆུ་རྙོག་རྫོབ་ཏུ་བཏང་ནས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་བཟོ་སྲིད་པ་རེད།
གཉིས། འཚོ་བཅུད་བེ་ཧྲིན་སུའུ(维生素)རིགས་ཀྱི་སྨན་རྫས།
འཚོ་བཅུད་བེ་ཧྲིན་སུའུ(维生素)cརིགས་ཀྱི་སྨན་རྫས་མང་པོ་ཚད་ལས་བརྒལ་བའི་ངང་སྡོད་རྩར་བརྒྱབ་ན། གཅིན་སྙི་ལྟར་སྣང་གི་སྣང་ཚུལ་འབྱུང་བ་དང་། ད་དུང་གཅིན་སྐྱུར་ཀྱི་ཚད་ཇེ་མཐོར་གྱུར་ནས་བརྟག་དཔྱད་ཀྱི་མཇུག་འབྲས་སུ“དྲེག་ནད་གདག་གཤིས”མངོན་སྲིད་པ་དང་། བཤང་བ་དང་དྲི་ཆུའི་ནང་གི་མི་མངོན་པའི་ཁྲག་ལ་ཚོད་ལྟ་བྱས་ཚེ་སྲིབས་གཤིས་ལྟར་སྣང་གི་སྣང་ཚུལ་འབྱུང་བའམ་ཡང་ན་གདག་གཤིས་ཉམས་ཞན་དུ་གཏོང་སྲིད།
གསུམ། ཟུག་གཅོག་གཉན་འཇོམ་རིགས་ཀྱི་སྨན་རྫས། ཁ་ཧྥེ་དང་ཁི་ཏེ་ཡིན(可待因)ཕའེ་ཐིས་ཏེན།(哌替啶)ནའེ་ཧྥུའུ་ཕན།(奈福泮)ཡིན་ཏོ་མེ་ཞིན།(吲哚美辛)སོགས་སྨན་རྫས་ཀྱིས་མཁྲིས་སྦུག་ཁའི་སྡོམ་ཤ་རྩ་འཁུམ་འབྱུང་དུ་འཇུག་སྲིད་པ་དང་། དེར་བརྟེན་ནས་ཁྲག་རྒྱུན་དང་དྲི་ཆུའི་ནང་གི་བསིང་ཕྱེ་རྩབས་མངོན་གསལ་དུ་ཇེ་མཐོར་གཏོང་སྲིད། སྨན་བསྟེན་རྗེས་ཀྱི་དུས་ཚོད་གསུམ་ནས་བཞིའི་ནང་ཤུགས་རྐྱེན་ཆེས་ཆེ་བའི་སྐབས་ཡིན་པ་དང་། དུས་ཚོས་ཉེར་བཞི་འགོར་རྗེས་རང་ཤུགས་ཀྱིས་ཡལ་འགྲོ་བ་ཡིན། ཨ་སི་ཕི་ལེན(阿司匹林)དང་ཨན་ཅི་པིས་ལེན(氨基比林)སོགས་ཀྱིས་དྲི་ཆུའི་ནང་གི་མཁྲིས་དམར་རྒྱུ་ཇེ་མཐོར་གཏོང་སྲིད།
བཞི། སྐུལ་རྩི་རིགས་ཀྱི་སྨན་རྫས། མོ་གཤིས་སྐུལ་རྩིའི་རིགས་ཀྱི་སྨན་རྫས་ཀྱིས་མིའི་ལུས་སྟེང་གི་རྒྱུན་ལྡན་གྱི་ཁྲག་ཞག་འདུས་ཚད་ལ་ཤུགས་རྐྱེན་བཟོས་ནས། རྒུན་འབྲུམ་མངར་ཆའི་སྨན་འདྲེད་ཚད་ཀྱི་ཚོད་ལྟ་ཇེ་དམར་གཏོང་སྲིད་པར་མ་ཟད། ཁྲག་ལེབ་ཆུང་བ་དང་། ཕྲ་ཕུང་དམར་པོའི་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་། དེ་མིན་མཆིན་པའི་ཨེམ་སྒྱུར་རྩབས་ཀྱི་འདུས་ཚད་ཇེ་མཐོར་གཏོང་སྲིད། མཁལ་སྟེང་གཤེར་རྨེན་རྒྱུ་ཡིས་ཁྲག་ཧྭགས་ཀྱི་ཚད་ལེན་ཇེ་མཐོར་བཏང་ནས་གཅིན་སྙི་ནད་རྟགས་ལ་འཁྲུལ་དུ་འཇུག་སྲིད།
ལྔ། གཅིན་འབབ་ཀྱི་སྨན་རྫས་རིགས་སྟེ། ཆིན་ལོས་སའེ་ཆིན།(氢氯噻嗪) ཧྥུའུ་སའེ་མུས། (呋塞米)སན་ལོས་སའེ་ཆིན། (三氯噻嗪)ཡིས་ཐ་ཉིས་སོན(依他尼酸
)སོགས་བསྟེན་རྗེས། ནད་ཐོག་གི་དཔེར་མཚོན་རང་བཞིན་གྱི་མཚོན་རྟགས་ནི་ཁྲག་ཅཱ་དམའ་བ་དང་ཁྲག་གི་ཤོང་ཚད་དམའ་བ། ཁྲག་ཁིལ་དམའ་བ་བཅས་ཀྱི་སྣང་ཚུལ་འབྱུང་ལ། དུས་ཡུན་རིང་བོར་སྨན་རྫས་དེ་དག་བསྟེན་ཚེ། ད་དུང་གཅིན་སྐྱུར་མཐོ་བའི་ཁྲག་ནད་སོགས་ཀྱི་རྟགས་ཀྱང་འབྱུང་སྲིད།
དྲུག གཅིན་སྙིའི་ནད་ཀྱི་གསོ་བཅོས་སྐོར་གྱི་སྨན་རྫས་སྟེ། དཔེར་ན། ཅ་པིན་ཧོང་ཏེན་ཉོ(甲苯磺丁脲)དང་། ལོས་ཧོང་པེན་ཉོ(氯磺丙脲)ལྟ་བུས་མཆིན་པའི་ནུས་པར་གནོད་པ་བཟོ་སྲིད་པར་མ་ཟད། ཨེམ་སྐྱུར་ག་པའི་སྤོ་སྒྱུར་རྩབས་སོགས་ཇེ་མཐོར་བཏང་ནས་མཁྲིས་སེར་དང་ཁྲག་གི་ཕྲ་ཕུང་ཇེ་ཉུང་དུ་གཏོང་བ་རེད།
བདུན། འབྲས་སྐྲན་འགོག་པའི་སྨན་རྫས་རིགས།
འབྲས་སྐྲན་འགོག་པའི་སྨན་རྫས་མང་ཆེ་བ་ནི་ཕྲ་ཕུང་དུག་རྫས་ཡིན་པས། མི་ལུས་ཀྱི་ཁྲག་རྒྱུན་ལ་ཚོད་འཛིན་དང་གནོད་པ་བཟོས་ནས། ཁྲག་རྒྱུན་ཁྲོད་ཀྱི་ཕྲ་ཕུང་དམར་པོ་དང་། ཕྲ་ཕུང་དཀར་པོ། ཁྲག་ལེབ་ཆུང་བ། ཁྲག་དམར་སྤྲི་དཀར་བཅས་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་སྲིད། སྨན་རྫས་ཁ་ཤས་ཀྱིས་ད་དུང་ཕྲ་ཕུང་དཀར་པོ་རྒྱུན་ལྡན་མིན་པར་བཟོ་བ་དང་མཆིན་པའི་ནུས་པར་འགྱུར་ལྡོག་འབྱུང་དུ་འཇུག་སྲིད་པར་མ་ཟད། ལ་ལར་ཁྲག་ཞག་ཇེ་མཐོར་འགྲོ་བའི་མངོན་རྟགས་ཀྱང་འབྱུང་དུ་འཇུག་སྲིད།
བརྒྱད། ཏེན་བརྙན་བཟོ་རྫས།
སྨན་རྫས་འདིའི་རིགས་ཀྱིས་ནད་ཐོག་གི་བརྟག་བཤེར་ལ་གནོད་པ་བཟོ་པའི་དུས་ཡུན་ནི་ཉིན་འགའ་དང་ཡང་ན་ཟླ་འགའ་ནས་ལོ་འགའི་བར་ཡིན་པས། ལུས་སྟེང་གི་ཨོལ་གོང་གཤེར་རྨེན་ལ་བརྟག་དཔྱད་བྱས་ཚེ། གདག་གཤིས་ལྟར་སྣང་གི་མངོན་ཚུལ་ལོ་མང་པོར་རྒྱུན་སྐྱོང་སྲིད།
དེར་བརྟེན། ལུས་ཕུང་བརྟག་དཔྱད་མ་བྱས་གོང་། རང་ཉིད་ཀྱིས་བསྟེན་པའི་སྨན་རྫས་དང་ནད་བབ། ལྷག་པར་དུ་དུས་ཡུན་རིང་བོར་བསྟེན་པའི་སྨན་རྫས་ཀྱི་གནས་ཚུལ་དང་མིག་སྔར་བསྟེན་པའི་སྨན་རྫས་ཀྱི་གནས་ཚུལ་བཅས་སྨན་པར་གསལ་བོར་བཤད་ནས། སྨན་པས་ཡང་དག་པའི་སྒོ་ནས་ནད་བབ་ངོས་འཛིན་དང་གསོ་བཅོས་ལེགས་པོ་བྱེད་པར་རམ་འདེགས་བྱེད་དགོས།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།