མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2019.12.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རིག འཕྲོད་བསྟེན། ལུས་རྩལ་་ཨུ་ཡོན་ལྷན་ཁང་གིས་མཉམ་ཞུགས་གྲོས་ཚོགས་དང་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་མི་དམངས་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་འདོམས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས་པ་ལས་གཞན། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་འཆར་འགོད་ལ་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ནས་ཤུགས་འདོན་པ་དང་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བའི་ལས་དོན་གྱི་བླང་བྱ་གསར་བར་དམིགས་བཙུགས་ཏེ། རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་དངོས་ལ་རྐང་བཙུགས་ནས། ཏང་ཙུའུ་ཁག་སོ་སོའི་ཆབ་སྲིད་སྣེ་འདོམས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། ཨུ་ཡོན་གྱི་རང་སྟོབས་བྱེད་ནུས་འདོན་སྤེལ་ལ་དོ་སྣང་བྱས་ཏེ། རང་འགན་གཙང་ལེན་གྱི་སྒོ་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ། དམངས་ཚིས་ཞབས་ཞུ་སོགས་ཀྱི་ཐད་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་སྤེལ་བར་མ་ཟད། སྤུས་ཚད་ལེགས་པ་དང་ཕན་འབྲས་རྣལ་མ་ཐོན་པའི་འགན་སྒྲུབ་གྲུབ་འབྲས་ཁག་ཅིག་བླངས་ནས། འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཟེར།

ཝང་ཞོན་གྱིས་ནན་གྱིས་བསྟན་དོན།ཉིས་སྟོང་ཉི་ཤུ་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། སང་ལོའི་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་དེ་བསྟུན་གྱི་འགན་འཁྲི་ཧ་ཅང་ལྕི། གཅིག་ནས་གཞུང་ལུགས་སློབ་སྦྱོང་བྱ་བ་དམ་འཛིན་བྱས་ཏེ་ཆབ་སྲིད་ཀྱི་གོ་གནས་སྔར་ལས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱུར་དམ་འཛིན་བྱས་ཏེ། སྤུས་ཚད་དང་ཕན་འབྲས་སྔར་ལས་ཆེ་རུ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། གསུམ་ནས་དཔུང་སྡེ་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་གསོ་སྐྱོང་བྱེད་པ། བཞི་ནས་མཐུན་སྦྱོར་མཉམ་འགུལ་དམ་འཛིན་བྱས་ནས་འགན་འཁྲི་སྒྲུབ་པའི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་པར་འབད་འབུངས་བྱེད་དགོས་པ་བཅས་ཡིན་ཟེར།

རྩོམ་སྒྲིག་པ། འབྲུག་མོ།