ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་སློབ་ཆེན་གྱི་མི་ཁྲི་འཆར་གཞིའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་ཀླུ་བྱམས་རྒྱལ་གྱིས་མགོ་འཛིན་བྱས་པའི“བོད་ལུགས་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི”ལ་མཚོ་སྔོན་སློབ་ཆེན་དུ་སྒོ་བྱང་བཀལ། “བོད་ལུགས་སྨན་རྫས་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་ཐོག་མ(མཚོ་སྔོན)ནི་མཚོ་སྔོན་སློབ་ཆེན་གྱིས་འགན་དུ་བླངས་པའི་ཉིས་སྟོང་བཅུ་དགུ་ལོའི་ལོ་འཁོར་མོའི་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཀྲུང་ལུགས་སྨན་རྫས་རྒྱལ་སྤྱིའི་མཉམ་ལས་ཆེད་དམིགས་ལས་གཞི་ཞིག་ཡིན་ལ། དེ་ནི་མིག་སྔའི་བོད་ལུགས་སྨན་རྫས་ཀྱི་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་བྱེད་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རང་བཞིན་གྱི་ལས་གཞི་ཆེས་ཐོག་མའང་ཡིན”ཞེས་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་རྒྱལ་སྤྱིའི་མཉམ་ལས་སིའི་ཡ་གླིང་དང་མེ་གླིང་ཕྱོགས་མང་ཁྲུའུ་ཡི་འགན་ཁུར་པ་ལུའུ་ཧྭ་ཞིན་གྱིས་དེ་ལྟར་མཚམས་སྦྱོར་བྱས།
ཉིས་སྟོང་བཅུ་དྲུག་ལོའི《ཀྲུང་ལུགས་སྨན་རྫས་ཀྱི“རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས་འཆར་འགོད(2016ལོ་ནས2020ལོའི་བར)》ལག་བསྟར་བྱས་པ་དང་བསྟུན་ནས། རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ཏུ་ཀྲུང་ལུགས་སྨན་རྫས་ཀྱི་ཕྱོགས་ཡོངས་མཉམ་ལས་དང་འཕེལ་རྒྱས་མགྱོགས་མྱུར་ངང་སྤེལ། །
རྩོམ་སྒྲིག་པ། འབྲུག་མོ།