མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཁུལ་རིམ་པའི“རིམ་པ་གཉིས་པའི་ཚད་གཞི་དང་པོའི”མ་བུ་བདེ་སྲུང་སྨན་ཁང་ཐོག་མ་བསྐྲུན།
2020.01.07 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 22

ཉེ་སྔོན།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མ་བུ་བདེ་སྲུང་སྨན་ཁང་གིས“རིམ་པ་གཉིས་པའི་ཚད་གཞི་དང་པོའི”མ་བུ་བདེ་སྲུང་སྨན་ཁང་གི་དཔྱད་ཞིབ་བྱ་བ་བདེ་བླག་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་ཁྱབ་ཁོངས་ནང་གི་ཁུལ་རིམ་པའི“རིམ་པ་གཉིས་པའི་ཚད་གཞི་དང་པོའི”མ་བུ་བདེ་སྲུང་སྨན་ཁང་དང་པོར་གྱུར། དེས་ཁུལ་ཡོངས་ཀྱི་མ་བུ་བདེ་སྲུང་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

མཚོ་ནུབ་ཁུལ་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་སྐྱོན་བྲལ་མཚོ་ནུབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། དེང་སྐབས་སྨན་ཁང་དེས་གཞི་རྩའི་ལམ་ལུགས་མང་ཆེ་བ་བསྐྲུན་ཟིན་ཞིང་། སྦྲུམ་མ་དང་ཕྲུ་གུ་བདེ་སྲུང་པུའུ་དང་། བྱིས་པའི་བདེ་སྲུང་པུའུ། བུད་མེད་བདེ་སྲུང་དང་འཆར་ལྡན་བུ་སྐྱེའི་ཞབས་ཞུ་པུའུ། སྨན་བཅོས་འགན་སྲུང་པུའུ་བཅས་ལས་སྒོ་པུའུ་ཆེན་པོ་བཞི་བཙུགས་པ། སྦྲུམ་མའི་སློབ་གྲྭ་དང་བྱིས་པའི་བྱམས་སྐྱོང་སེམས་ཁམས་སྨན་བཅོས་ཁང་སོགས་ཁྱད་ལྡན་ཚན་ཁག་བཙུགས་ཡོད། སྒྲ་བརྒལ་བཤེར་ཆས་དང་། ཁྱོན་ཡོངས་རང་འགུལ་སྐྱེ་དངོས་རྫས་འགྱུར་དབྱེ་ཞིབ་ཡོ་བྱད་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱས་ཡོད། སྔ་རྗེས་སུ་སྐྱེ་རོགས་ལག་རྩལ་ཞབས་ཞུ་དང་། སྦྲུམ་མའི་འཚོ་བཅུད་ཞིབ་བཤེར། ཕྲུ་གུ་དམར་འབྱར་གྱི་ནད་དང་ཐོས་ཚོར་རྟོག་ཞིབ་སོགས་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་སྤེལ་ཡོད་པ་རེད།

ཐེངས་འདིའི་རིམ་པའི་ཞིབ་དཔྱད་ཀྱིས་མཚོ་ནུབ་ཁུལ་མ་བུ་བདེ་སྲུང་ཁང་གི་དོ་དམ་དང་ཞབས་ཞུའི་སྤུས་ཚད་དང་། སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན། དེ་བཞིན་སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་སོགས་སྲ་བརྟན་དུ་བཏང་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།