ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་གཉིས་པའི་ཚེས་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ལི་ཏུའུ་ཆུས་ཀྱི་རིམས་ནད་འགོག་བཅོས་འཐབ་ཕྱོགས་དང་པོར་སོང་སྟེ་རིམས་ནད་འགོག་བཅོས་དང་ཕྱུགས་ནད་འགོག་བཅོས། ཞོར་ལས་པར་དོ་དམ། རྨོ་འདེབས་གྲ་སྒྲིག་སོགས་ཀྱི་བྱ་བར་ལྟ་སྐུལ་དང་མཛུབ་སྟོན་བྱས།
ཡན་ཅིན་ཧེ་ཡིས་བསྟན་དོན། དེང་སྐབས་ནི་རིམས་ནད་འགོག་བཅོས་ཀྱི་གནད་འགག་དུས་སྐབས་ཡིན། མཚོ་ཤར་གྲོང་ཁྱེར་ནི་རང་ཞིང་གི་ཤར་སྒོ་ཆེན་མོ་ཡིན་ལ་མི་སྣ་འཁོར་རྒྱུག་བྱེད་ཚད་མང་བས། མཐའ་མཚམས་བརྒལ་བའི་མི་སྣར་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱེད་པའི་ལས་འགན་ཧ་ཅང་ལྕི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། ས་གནས་ཀྱི་རིམས་འགོག་འགན་འཁྲི་དང་ལེན་བྱེད་པ་དང་མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་པ། འགོ་ཁུངས་དོ་དམ་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་བ། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་དགོས་པར་མ་ཟད་རིམས་ནད་འགོག་སྲུང་འགག་སྒོ་གཏན་སྲུང་བྱེད་དགོས་ཟེར།
རྩོམ་སྒྲིག་པ། འབྲུག་མོ།