ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་བཞི་བ།
2020.02.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

16.རེག་ཐུག་བྱེད་མཁན་ལ་ཇི་ལྟར་ཚད་འཇལ་བྱ་དགོས་སམ།

རེག་ཐུག་བྱས་པ་ཞེས་པ་ནི་དཔེ་མཚོན་ནད་དང་ཆ་འདྲ་བ་དང་། ནད་ངོས་བཟུང་བའི་དཔེ་མཚོན་ནད། ཚད་འཇལ་གདགས་གཤིས་ཅན་བཅས་གཤམ་གསལ་ལྟར་རེག་ཐུག་གནས་ཚུལ་ཡོད་ཀྱང་། ནུས་ལྡན་གྱིས་འགོག་སྲུང་བྱེད་ཐབས་སྤྱད་མེད་པའི་རིགས་ཏེ།

﹙1﹚མཉམ་གཅིག་ཏུ་སྡོད་པ་དང་སློབ་སྦྱོང་བྱེད་པ།བྱ་བ་སྒྲུབ་པ།ཡང་ན་རེག་ཐུག་བྱས་པའི་མི་སྣ་སྟེ།དཔེར་ན་བར་ཐག་ཉེ་བའི་ངང་བྱ་བ་སྒྲུབ་པ་དང་།སློབ་ཁང་གཅིག་གམ་ཁང་བ་གཅིག་ཏུ་མཉམ་དུ་འཚོ་བ་རོལ་པ།

﹙2﹚ནད་གསོ་དང་སྙོར་སྐྱོང་།དཔེ་མཚོན་ནད་པར་ཕྲད་མྱོང་བའི་སྨན་བཅོས་མི་སྣ་དང་ཁྱིམ་མི།གཞན་དེ་དང་ཆ་འདྲ་བའི་ངང་རེག་ཐུག་བྱས་པའི་མི་སྣ་སྟེ།དཔེར་ན།བསེར་བུ་མི་རྒྱུ་བའི་ཁོར་ཡུག་ཏུ་ནད་པར་ཕྲད་པའམ་དེ་རུ་བསྡད་པ།ནད་ཁང་གཅིག་གི་ནད་པ་གཞན་དག་དང་ལྟ་སྲུང་པ།

﹙3﹚འགྲིམ་འགྲུལ་འཕྲུལ་ཆས་གཅིག་ཏུ་བསྡད་པའམ་རེག་ཐུག་བྱས་པའི་མི་སྣ་སྟེ།འགྲིམ་འགྲུལ་ཡོ་བྱད་སྟེང་གི་བདག་སྐྱོང་མི་སྣ་དང་།མཉམ་དུ་བསྡད་པའི་མི།﹙ཁྱིམ་མི་དང་ལས་གྲོགས།གྲོགས་པོ་སོགས﹚བརྟག་དཔྱད་དང་ཚོད་དཔག་བྱས་པ་བརྒྱུད་ནས་རེག་ཐུག་བྱས་པའི་ཆ་འདྲ་བའི་དཔེ་མཚོན་ནད་དང་། ངོས་བཟུང་བའི་དཔེ་མཚོན་ནད། ཚད་འཇལ་གདགས་གཤིས་ཅན་གྱི་འགྲུལ་པ་གཞན་དག་འགྲིམ་འགྲུལ་ཞབས་ཞུ་པ།

﹙4﹚ཡུལ་དངོས་ཀྱི་བརྟག་དཔྱད་མི་སྣས་བརྟག་དཔྱད་བྱས་རྗེས།མི་གཞན་དང་རེག་ཐུག་བྱས་པའི་མི།

17. ཅིའི་ཕྱིར་རེག་ཐུག་བྱས་མྱོང་བ་དག་ལ་དུས་ཡུན་ཉིན14རིང་གསོ་རིག་ལྟ་ཞིབ་བྱེད་དགོས་པ་ཡིན།

མིག་སྔར་ཏོག་དབྱིབས་ནད་དུག་ཕོག་མཁན་དང་རེག་ཐུག་བྱས་མྱོང་བ་དག་ལ།གཟབ་ནན་གྱི་གསོ་རིག་ལྟ་ཞིབ་སོགས་སྔོན་འགོག་རང་བཞིན་གྱི་སྤྱི་སྤྱོད་འཕྲོད་བསྟེན་ལག་ཐབས་བཀོལ་བ་ནི་ཤིན་ཏུ་དགོས་གལ་ཆེ་བ་ཞིག་ཡིན།དེ་ནི་མི་དམངས་མང་ཚོགས་ཀྱི་ཕུང་ཁམས་བདེ་འཇགས་ལ་འགན་འཁུར་བའི་རྣམ་འགྱུར་ཞིག་དང་།རྒྱལ་སྤྱིའི་སྟེང་རྒྱུན་སྤྱོད་རང་བཞིན་གྱི་བྱེད་སྟངས་ཤིག་ཀྱང་ངོ་། །ཏོག་དབྱིབས་ནད་དུག་གཞན་གྱིས་བསྐྱེད་པའི་ནད་ཀྱི་བག་ཉལ་དུས་ཡུན་དང་བསྡུར་ཏེ།ནད་དུག་གསར་བ་འགོས་པའི་གློ་ཚད་ནད་དཔེ་དང་འབྲེལ་བའི་བརྡ་འཕྲིན།མིག་སྔའི་སྔོན་འགོག་གི་གནས་བབ་དངོས་དང་བསྟུན་ཏེ།རེག་ཐུག་བྱས་པ་དེ་དག་ལ་ཉིན14རིང་དུ་གསོ་རིག་ལྟ་ཞིབ་བྱེད་དགོས་པ་ལས་གཞན།རང་ཁྱིམ་དུ་ཉིན14རིང་ལ་ལྟ་ཞིབ་བྱེད་དགོས་པའང་གཏན་འབེབས་བྱས་ཡོད།

18. ནད་རྟགས་གང་དག་བྱུང་ན་སྨན་པར་བསྟེན་དགོས།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནི་ལུས་ཚ་རྒྱས་པ་དང་།ལུས་ཤུགས་ཟད་པ།སྐམ་ལུ་བྱེད་པ་ནི་ནད་རྟགས་གཙོ་བོ་ཡིན།ནད་པ་རེ་འགར་སྣ་སུབས་དང་སྣབས་བཞུར་བ།ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་།ནད་གཞི་ལྗིད་པའི་རིགས་ལ་ཉིན7འགོར་རྗེས་དབུགས་འབྱིན་རྔུབ་བྱེད་དཀའ་བར་འགྱུར།ཚབས་ཆེ་བ་ལ་མྱུར་དུ་དབུགས་འཚང་བའི་ཕྱོགས་འདུས་ནད་དང་།རྣག་དུག་ནད་ཀྱིས་བརྒྱལ་ཞིང་བོག་པ།ཡོ་བསྲང་བྱེད་དཀའ་བའི་ཚབ་བརྗེ་རང་བཞིན་གྱི་སྐྱུར་དུག་ཕོག་པ་དང་ཁྲག་དཀག་པར་འགྱུར།གལ་ཏེ་དབུགས་ལམ་གྱི་ནད་རྟགས་ཏེ།ལུས་ལ་ཚ་རྒྱས་པ་དང་གྲང་ཤ་ཟ་བ།ལུས་སྟོབས་ཟད་པ།ཁོག་པ་བཤལ་བ།མིག་སྐྱིའི་གཉན་ཚད་ལང་བ་སོགས་ཀྱི་ནད་རྟགས་བྱུང་མཁན་རྣམས་ཀྱིས་དུས་ལྟར་སྨན་པར་བསྟེན་དགོས།

19.རང་ལ་ཏོག་དབྱིབས་ནད་དུག་གསར་པ་ཕོག་པར་དོགས་མཁན་རྣམས་ཀྱིས་ཇི་ལྟར་བྱ་དགོས།

གལ་ཏེ་རང་ལ་ནད་དུག་དེ་ཕོག་པར་དོགས་དུས།ཐོག་མར་མི་མང་འདུ་སར་འགྲོ་མི་རུང་།ཁ་ཐུམ་བརྒྱབ་སྟེ་ཁྱིམ་མི་རྣམས་དང་བར་ཐག་བཀྱེད་དགོས།ཁྱིམ་དུ་རླུང་བུ་རྒྱུ་རུ་འཇུག་པ་དང་།གཙང་སྦྲ་ལེགས་པོ་བྱེད་དགོས།ལུས་ཚ་རྒྱས་ན་བསྟེན་དགོས་པའི་དམིགས་བཙུགས་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས།སྨན་པར་བསྟེན་དུས་རང་འགུལ་སྒོས་མི་སུ་སུ་ལ་ཐུག་པ་སོགས་སྦ་གསང་མེད་པར་བཤད་དེ།སྨན་པས་བརྟག་ཞིབ་བྱེད་པར་བསྟུན་གང་ཐུབ་བྱེད་དགོས།

20. ཉེ་འཁོར་གྱི་མི་ལ་ནད་དུག་དེ་ཕོག་པར་དོགས་དུས་ཇི་ལྟར་བྱ་དགོས།

གལ་ཏེ་རང་གི་ཉེ་འཁོར་གྱི་མི་ལ་ནད་དུག་ཕོག་པར་དོགས་དུས།ཐོག་མར་ཁ་ཐུམ་བརྒྱབ་ནས་དེ་དང་བར་ཐག་བགྱེད་དགོས།དུས་མཚུངས་སུ་ཕ་རོལ་པོར་ཡང་ཁ་ཐུམ་རྒྱག་དགོས་པ་དང་།ཐག་ཉེ་སའི་དམིགས་བཙུགས་སྨན་ཁང་དུ་སྨན་པར་བསྟེན་དགོས་པའི་གྲོས་གཞི་གདོན་དགོས།

21.ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་དེ་དྲག་ཏུ་ འཇུག་ཐུབ་བམ།

ནད་པ་ཁ་ཤས་སྨན་པས་གསོ་བཅོས་བྱས་ཐོག་ནད་དུག་དེ་སེལ་ནས་མཐར་སངས་དྲག་ཏུ་གྱུར་འགྲོ།།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།