ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ།  ཁག་ལྔ་བ། 
2020.02.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 160

22.གློ་ཚད་དེའི་རིགས་ལ་ཁ་གཏད་པའི་སྨན་དང་འགོག་སྨན་མིག་སྔར་ད་རུང་གསར་བཟོ་བྱས་མེད།

མིག་སྔར་ད་དུང་ནད་དུག་དེར་ཁ་གཏད་པའི་སྨན་མེད་པས།ནད་གཞིར་དམིགས་ནས་རམ་འདེགས་སྨན་བཅོས་ལ་བརྟེན་དགོས།ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེར་དམིགས་པའི་སྨན་དང་འགོག་སྨན་ནི་ཞིབ་འཇུག་གསར་སྤེལ་གྱི་གནས་སྐབས་ཡིན་ལ།དུས་མཚུངས་སུ་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་ལུགས་སྨན་རྫས་ཁྲོད་ལྟ་ཞིབ་ཞིབ་འཇུག་བྱེད་བཞིན་ཡོད།

23.མིག་སྔར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་བྱུང་བ་རྣམས་ཟུར་དུ་མི་འགེར་བ་དང་སྨན་ཁང་ལས་ཕྱིར་འབུད་པའི་ཚད་གཞི་ག་འདྲ་ཡིན།

གསར་དུ་སྤེལ་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་བརྟག་བཅོས་འཆར་གཞི(ཚོད་ལྟའི་དེབ་དཔར་ཐེངས་བཞི་པ)》ཡི་ཚད་གཞི་ལྟར་ན། ལུས་དྲོད་ཚད་ལྡན་དུ་གྱུར་ནས་ཉིན་གསུམ་ཡན་འགོར་བ་དང་། དབུགས་ལམ་གྱི་ནད་རྟགས་མངོན་གསལ་དུ་ཇེ་བཟང་དུ་སོང་བ། དབུགས་ལམ་ནད་གཞི་ལ་བརྟག་དཔྱད་ཐེངས་གཉིས་བྱས་པར་རྒྱུན་ལྡན་ཡིན་པ་ལ། (མ་དཔེ་བླངས་པའི་དུས་ཡུན་ཉུང་མཐའ་ཡང་ཉིན་གཅིག་གི་དུས་ཡུན་ཡོད་པ) ཟུར་དུ་མི་འགེར་བའམ་སྨན་ཁང་ལས་ཕྱིར་འབུད་དུ་འཇུག་པ།ནད་གཞིར་དམིགས་ཏེ་ཚན་ཁག་གཞན་ལ་སོང་ནས་ནད་གཞན་གསོ་བཅོས་བྱེད་ཆོག །

གསུམ་པ། འགོག་བཅོས་ཟུང་འབྲེལ།འགོག་སྲུང་ལུགས་མཐུན།

24. ཁ་ཐུམ་ཇི་ལྟར་གདམ་དགོས།

(1)སྤྱིར་བཏང་གི་མི་ཚོགས།སྤྱིར་བཏང་གི་མང་ཚོགས་དང་སྤྱི་སྤྱོད་འགྲིམ་འགྲུལ་དང་གླ་འཁོར་ཁ་ལོ་པ།འཁོར་སྲུང་བཟོ་པ།མི་མང་འདུ་སའི་ཞབས་ཞུ་པ་སོགས་ཀྱིས་ལས་ཀའི་སྐབས་སུ་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་བཀོལ་བ་དང་།ཆ་རྐྱེན་ལྡན་པ་དང་ཕུང་ཁམས་ལ་འོས་པའི་གནས་ཚུལ་འོག སྨན་སྤྱོད་འགོག་སྲུང་ཁ་ཐུམ་བཀོལ་དགོས་པའི་གྲོས་གཞི་བཏོན་པ་ཡིན།

(2) དམིགས་བསལ་མི་ཚོགས། ཆ་འདྲ་བའམ་ཡང་ན་ནད་གཞི་གཏན་འཁེལ་བྱས་པ་དག་དང་ཐུག་འཕྲད་བྱུང་བའི་མི་ཚོགས།རྩ་དོན་ལྟར་ན་དེ་དག་གིས་སྨན་སྤྱོད་འགོག་སྲུང་ཁ་ཐུམ་བཀོལ་བ(N95དང་རིམ་པ་དེ་ལས་མཐོ་བ)ལས་གཞན་མིག་སྲུང་ཤེལ་མིག་ཀྱང་གོན་དགོས།སྙིང་དང་གློ་བར་ནད་ཡོད་པ་དག་གིས་དེ་དག་བཀོལ་བར་སྨན་པར་འདྲི་དགོས།ཆེད་ལས་སྨན་པས་མཛུབ་སྟོན་འོག་རང་ལ་འཚམ་པ་དག་བཀོལ་འོས།

25. སྨན་སྤྱོད་ཕྱི་ཚན་ཁ་ཐུམ་ཇི་ལྟར་ཡང་དག་པར་བཀོལ་སྤྱོད་བྱ་དགོས།

(1)སྣ་བཙུར་གྱི་གཞོགས་ཡར་གཏོད་པ།མདོག་ལྗིད་པའི་ཕྱོགས་ཕྱི་ལ་བསྐོར་པ། (ཡང་ན་ལྟེབ་ཁ་མར་བསྐོར་པ)

(2)གོང་འོག་གཉིས་ནས་འཐེན་ཏེ་ལྟེབ་ཁ་གྲོལ་ཅིང་།ཁ་སྣ་མ་ནེ་བཅས་ལ་ཁེབས་སུ་འཇུག་པ།

(3)ལག་ཟུང་གི་མཛུ་གུས་སྣ་གདོང་དུ་ཁེལ་བའི་ཁ་ཐུམ་སྟེང་གི་ལྕགས་སྐུད་དེ།སྣའི་དཀྱིལ་ནས་གཞོགས་གཉིས་སུ་དལ་གྱིས་མར་མནན་ནས་སྣ་གདོང་དུ་དམ་པོར་སྦྱོར་དགོས།

(4)ལེགས་སྒྲིག་འོས་འཚམ་སྒོས་ཁ་ཐུམ་གྱི་མཐའ་བཞི་གདོང་ཤ་དང་སྲུབས་མེད་དུ་གཏང་དགོས། རེ་བ་ཡིན་ན་དུས་ཚོད་གཉིས་ནས་བཞི་རེའི་བར་ནས་ཁ་ཐུམ་ཐེངས་རེར་བརྗེ་དགོས། དཔེར་ན། ཁ་ཐུམ་རློན་པར་བཏང་བའམ།ཡང་ན་ལུད་པ་སོགས་ཀྱིས་སྦགས་ན་མྱུར་དུ་བརྗེ་འོས།

26.མི་ཚོགས་འདུ་སར་ཁ་ཐུམ་ཇི་ལྟར་ཡང་དག་པར་བཀོལ་སྤྱོད་བྱེད་དགོས།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།