རྒྱལ་སྤྱིའི་ཆེད་མཁས་ཚན་ཁག་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་མྱུར་དུ་ཞིབ་བཟོ་བྱེད་པའི་བསྒྲགས་གཏམ་སྤེལ།
2020.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

འཛམ་གླིང་ཡོངས་ཀྱི་ཚན་རིག་པ་དང་སྨན་པ། རོགས་སྐྱོར་མཁན། ཐོན་སྐྱེད་ཚོང་གཉེར་མཁན་བརྒྱ་དང་ཉི་ཤུས་གྲུབ་པའི་ཆེད་མཁས་ཚན་ཁག་གིས་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་མངོན་གསལ་བསྒྲགས་གཏམ་སྤེལ་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཐུན་སྦྱོར་འོག པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་མྱུར་དུ་ཞིབ་བཟོ་བྱེད་པར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཁས་བླངས།

བསྒྲགས་གཏམ་ནང་བཤད་དོན། རྒྱལ་སྤྱིའི་མཉམ་ལས་རིམས་འགོག་གི་ཁག་ཅིག་ཡིན་པའི་ཆ་ནས། ཚན་རིག་པ་དང་སྨན་པ། རོགས་སྐྱོར་མཁན། ཐོན་སྐྱེད་ཚོང་གཉེར་མཁན་དེ་དག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཐུན་སྦྱོར་འོག པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་མྱུར་དུ་ཞིབ་བཟོ་བྱེད་པར་འབད་བརྩོན་བྱེད་ངེས་རེད། རྒྱུན་བཀོལ་འགོག་ཁབ་ཞིབ་བཟོ་བྱེད་པར་དུས་ཚོད་ངེས་ཅན་ཞིག་དགོས་ནའང་། ཐེངས་འདིའི་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་འགོག་ཁབ་ཀྱིས་མཇུག་མཐར་ནུས་པ་གལ་ཆེན་འདོན་ངེས་ཡིན་ཟེར།

བསྒྲགས་གཏམ་ནང་བཤད་དོན། རིམས་འགོག་སྐབས་སུ་ཆེད་མཁས་པ་རྣམས་ཀྱིས་གཞིས་ཁུལ་གྱིས་ནུས་ལྡན་བྱེད་ཐབས་སྤྱད་དེ་ནད་དུག་འགོས་ཁྱབ་ཏུ་འགྲོ་བ་ཇེ་ཉུང་དུ་གཏོང་བ་དང་། ནུས་པ་ཞན་པའི་མང་ཚོགས་དང་བཅས་པའི་སྤྱི་དམངས་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་བཏོན་པར་མ་ཟད། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་འགོག་ཁབ་མྱུར་དུ་ཞིབ་བཟོ་བྱེད་རྒྱུ་ཁས་བླངས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།