ཨ་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བཞི་ལས་བརྒལ།
2020.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་ཆུ་ཚོད་བཅོ་ལྔའི་བར་དུ་ཨར་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བཞི་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཨ་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་བདུན་དང་ཁྲི་བཞི་སྟོང་གཉིས་དང་བཞི་བརྒྱ་ཞེ་གཉིས་ལ་སླེབས།   བསྡོམས་པས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཆེས་མང་བའི་ཀྲིག་ནི་ཉིག་ཡོ་ཀྲིག་ཡིན། དེ་ལས་གཞན་ཞི་ཙི་ཞི་ཀྲིག་ནས་བསྡོམས་པས་ནད་པ་སྟོང་བཞི་དང་སུམ་བརྒྱ་རེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མུས་ཞེ་ཀིན་ཀྲིག་ནས་བསྡོམས་པས་ནད་པ་སྟོང་གཉིས་དང་སུམ་བརྒྱ་དང་བརྒྱད་རྐྱེན་ལམ་དུ་ཤོར་བ། མ་ས་ཀྲུའུ་སེ་ཀྲིག་ནས་བསྡོམས་པས་ནད་པ་སྟོང་གཅིག་དང་ལྔ་བརྒྱ་དྲུག་ཅུ་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ། འབྲུག་མོ།