གོམས་གཤིས་བཟང་པོ་འདི་དག་གིས་མིག་ཤུགས་ཇེ་བཟང་དུ་གཏོང་ཐུབ།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

དུས་རྒྱུན་འཚོ་བའི་ཁྲོད་དུ་གོམས་གཤིས་ངན་པ་ཁ་ཤས་བཅོས་བསྒྱུར་བྱས་ན། དལ་གཤིས་ནད་རིགས་འབྱུང་བ་སྔོན་འགོག་དང་ཡང་ན་དལ་གཤིས་ནད་རིགས་ཇེ་སྡུག་ཏུ་འགྲོ་བ་འགོག་ཐུབ་པར་མ་ཟད། ད་རུང་མིག་ཤུགས་ཇེ་བཟང་དུ་འགྲོ་བར་ཡང་ཕན་པ་རེད། ཨ་མེ་རི་ཁའི《ཀློག་པ་པོའི་རྩོམ་ཡིག་གནད་བསྡུས་དུས་དེབ》ཀྱི་དྲ་བའི་སྟེང་མིག་ཤུགས་ཇེ་བཟང་དུ་གཏོང་བའི་གོམས་གཤིས་ཆུང་ཆུང་འགའ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།

གཅིག གཟའ་འཁོར་རེར་པོ་ཚལ(菠菜)ཐེངས་གཉིས་ལ་བཟའ་བ།

གཉིས། ལོ་ལྔ་བཅུའི་ཡན་ལ་བུད་རྗེས་ཐག་དབྱིབས་ཆུར་འབྲུམ་གྱི་འགོག་སྨན་རྒྱག་དགོས། དེང་སྐབས་མིག་མཐར་ཐག་དབྱིབས་ཆུར་འབྲུམ་བྱུང་བའི་མི་དར་མ་ཧ་ཅང་མང་།

གསུམ། གློག་ཀླད་ཀྱི་བརྙན་ཡོལ་མཐོང་ཚད་སྙོམས་ཐིག་གི་མན་ལ་འཇོག་དགོས།

བཞི། གཟའ་འཁོར་རེར་ཆེས་ཉུང་ནའང་ཐེངས་བཞི་ལ་འཆམ་འཆམ་དུ་འགྲོ་དགོས། རྒྱུན་དུ་ལུས་སྦྱོང་བྱས་ན་ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཐུབ་པས། མིག་ནད་སྣ་ཚོགས་འབྱུང་བ་སྔོན་འགོག་བྱེད་ཐུབ།

ལྔ། གཟའ་འཁོར་རེར་ཆེས་ཉུང་ནའང་ཉ་ཤ་ཐེངས་གཉིས་ལ་བཟའ་དགོས།

དྲུག སྣུམ་ཆེ་བའི་ཟས་རིགས་དང་ཀ་ར་མང་བའི་ཞོར་ཟས་ཉུང་བཟའ་བྱེད་དགོས། སྣུམ་དང་ཀ་ར་མང་བའི་ཟས་རིགས་མང་དུ་ཟོས་ན་གཉན་ཚད་རྒྱས་ཏེ། མིག་སེར་ནད(黄斑)འབྱུང་སླ།

བདུན། དགོང་ཟས་ལ་ཞོག་ཁོག་མངར་མོ་མང་དུ་བཟའ་དགོས།

བརྒྱད། སྒོ་ཕྱིར་འགྲོ་སྐབས་ཉི་འོད་འགོག་པའི་མིག་ཤེལ་གྱོན་དགོས།

དགུ། ཉིན་རེར་ཐ་མག་བག་ཆ་གཅིག་ཡན་འཐེན་ན་མིག་ཤུགས་ལ་གནོད་པ་ཧ་ཅང་ཆེ།

བཅུ། དུས་བཅད་ལྟར་མིག་ནད་ཚན་ཁག་གི་སྨན་པར་སྟོན་དགོས། ལོ་དྲུག་ཅིའི་ཡན་ལ་སོན་རྗེས་ལོ་གཉིས་རེའི་ནང་དུ་མིག་ནད་བརྟག་བཤེར་ཐེངས་གཅིག་བྱེད་དགོས།

བཅུ་གཅིག དཔེ་ཆ་ཀློག་སྐབས་དུས་ཚོད་གཏན་ཁེལ་བྱས་ཏེ། དུས་ཚོད་ཕྱེད་ཀ་རེའི་ནང་དུ་མིག་གིས་ངལ་གསོ་བྱེད་པ་དང་། མིག་གིས་རྒྱང་རིང་ལ་བལྟ་དགོས། དེ་ལྟར་བྱས་ན་མིག་གི་ངལ་དུབ་སེལ་བར་ཕན།

བཅུ་གཉིས། ཟླ་རེར་ཁྲག་ཤེད་ཐེངས་གཅིག་རེ་འཇལ་དགོས་པ་བཅས་སོ། །

རྩོམ་སྒྲིག་པ། འབྲུག་མོ།