གཤིས་ཀ་ངན་པ་དོར་ན་ལུས་སེམས་བདེ་ཐང་ཡོང་།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

དེ་ཡང་བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཚེ་ཐག་རིང་བའི་མི་རྣམས་ལ་སེམས་ཁམས་བཟང་པོ་དང་སེམས་རྒྱ་ཡངས་མོ་ཞིག་ཡོད་པར་མ་ཟད། སེམས་ལ་བརྩེ་བས་ཁེངས་ཡོད། དེ་ལས་ལྡོག་སྟེ་ཁོང་ཁྲོ་ལངས་སླ་བའི་གཤིས་ཀ་ངན་པ་དག་གིས་ཚེ་ཐག་རིང་པོ་ཡོང་དཀའ་བ་རེད།

གཤིས་ཀ་ངན་པའི་གནོད་འཚེ་ཤེས་དགོས།

གཤིས་ཀ་ངན་པ་ཡི་གནོད་འཚེ་ཤེས་ན། ད་གཟོད་གཤིས་ཀ་ངན་པ་བསྒྱུར་བའི་སྒུལ་ཤུགས་དང་རེ་འདོད་ཡོད་པས། རང་འགུལ་དང་གང་མགྱོགས་ཀྱིས་བསྒྱུར་བཅོས་བྱེད་ངེས་རེད།

སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ་བློ་སྦྱོང་ལེགས་པོ་བྱེད་དགོས།

དུས་རྒྱུན་དུ་སེམས་ཁམས་ཡངས་མོ་དང་འདོད་ཆུང་ཆོག་ཤེས་བྱས་ཏེ། སྙན་གྲགས་དང་རྒྱུ་ནོར། གོ་གནས་སོགས་ལ་མཐའ་གཅིག་ཏུ་མི་བསྙེག་པ་དང་། དོན་དག་དང་འཕྲད་སྐབས་སེམས་རྒྱ་ཆེ་རུ་འཇུག་དགོས། དེ་ལྟར་བྱས་ན་ཁྱེད་རང་མི་འདོད་པའི་གཏམ་དང་དྲང་གཞག་མ་ཡིན་པའི་དོན་ལ་འཕྲད་སྐབས་སེམས་ཁམས་ལྷོད་པོའི་སྒོ་ནས་ཁོང་ཁྲོ་གནོན་པར་བྱེད་ཐུབ།

ལངས་ཕྱོགས་མི་འདྲ་བ་ནས་བསམ་བློ་གཏོང་བ་དང་མི་གཞན་པའི་ཁ་ཏར་ཉན་དགོས།

རང་ཉིད་ལ་མཚོན་ན་དྲང་གཞག་མ་ཡིན་པའི་དོན་དག་དང་འཕྲད་སྐབས། མི་གཞན་པའི་ལངས་ཕྱོགས་ནས་བསམ་བློ་གཏོང་དགོས། དེ་ལྟར་བྱས་ན་བསམ་བློ་འཁོར་སླ་ཞིང་སེམས་རྒྱ་ཇེ་ཆེར་འགྲོ་བ་རེད། དེས་མི་ཚད་ད་རུང་དོན་དག་ངན་པ་དང་འཕྲད་སྐབས་མི་གཞན་པའི་ཁ་ཏར་ཉན་དགོས། དེ་ལྟར་བྱས་ན་རང་ཉིད་ཀྱི་ཁོང་ཁྲོ་ཞི་བར་མ་ཟད་གནད་དོན་ཐག་གཅོད་བྱེད་པར་ཕན་ནོ། །

སེམས་པ་གཡེང་ཆེད་མྱུར་དུ་གནས་དེ་དང་ཁ་འབྲལ་དགོས།

དོན་དག་ངན་པ་དང་འཕྲད་སྐབས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས། མཇུག་འབྲས་ངན་པ་ཡོད་ཚད་སྔོན་དཔག་བྱེད་ཤེས་དགོས། གལ་ཏེ་རང་ཉིད་ཀྱི་ཁོང་ཁྲོ་གནོན་མི་ཐུབ་པའི་སྐབས་སུ་མྱུར་དུ་ཡུལ་དངོས་དེ་དང་ཁ་འབྲལ་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།