རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པའི་ཀྲུང་གོའི་འགུལ་སྐྱོད་ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།
2020.06.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པའི་ཀྲུང་གོའི་འགུལ་སྐྱོད་ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས་པར་མ་ཟད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

རྒྱབ་ཤ་དཀར་པོའི་དཔེ་དེབ་ལས་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པ་དང་དཀའ་ཚེགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཟིན་ཐོ་རུ་བཀོད་ཅིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་མྱོང་དང་སྒྲུབ་སྟངས་ལོངས་སུ་སྤྱོད་དུ་བཅུག་པ་དང་། འཛམ་གླིང་ཡོངས་ཀྱིས་རིམས་འགོག་བྱེད་པའི་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་འདོད་བློ་རྒྱས་བཤད་གསལ་བོ་བྱས་ཡོད།

རྒྱ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་ཉེ་བའི་ལོ་བརྒྱའི་རིང་མིའི་རིགས་ལ་གནོད་འཚེ་ཐེབས་རྒྱ་ཆེས་ཆེ་བའི་འཛམ་གླིང་རང་བཞིན་གྱི་ནད་ཡམས་ཤིག་རེད། སྔར་བྱུང་མ་མྱོང་བ་དང་གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་མདུན་དུ་ཀྲུང་གོས་རིམས་ནད་འགོག་རྒོལ་བྱ་བ་བཟང་བོར་བསྒྲུབས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ཤིང་མྱུར་དུ་འགུལ་སྐྱོད་སྤེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་དང་སྐུ་དངོས་སུ་བཀོད་སྒྲིག་བྱས་པ་དང་། ཁྱོན་ཡོངས་ལ་གཅིག་གྱུར་སྒོས་འཆར་འགོད་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཡིད་ཆེས་ཆེ་རུ་སྐྱེད་ཅིང་སྟོབས་ཤུགས་གཅིག་སྡུད་བྱས་པ་དང་ཁ་ཕྱོགས་གསལ་བོར་བསྟན།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། ཀྲུང་གོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་བཞག་པ་དང་། ཆེས་ཁྱོན་ཡོངས་དང་ཆེས་གཟབ་ནན། ཆེས་མཐའ་འཁྱོལ་བའི་རིམས་འགོག་བྱེད་ཐབས་སྤྱད་དེ་ནུས་ལྡན་སྒོས་ནད་དུག་འགོས་ཁྱབ་ཏུ་འགྲོ་བ་བཀག་འགོག་བྱས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ཡིས་དཀའ་སྤྱད་བརྩོན་ལེན་དང་མཐུན་སྒྲིལ་རོགས་ལས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས་རིམས་འགོག་བྱེད་པའི་འགོག་ར་བརྟན་པོ་གསར་སྐྲུན་བྱས་པ་དེ་ལས་མི་དམངས་ཀྱི་རླབས་ཆེན་སྟོབས་ཤུགས་མངོན་པར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་སྔར་བཞིན་འཛམ་གླིང་ཡོངས་ལ་གནོད་འཚེ་བཟོ་བཞིན་ཡོད་པ་དང་གནས་བབ་ཛ་དྲག་ཆེ་བ་ཞིག་རེད། རྒྱལ་ཁབ་སོ་སོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་།མི་རབས་རྗེས་མའི་བདེ་སྐྱིད་ཐད་ལ་གདམ་གསེས་ཡང་དག་པ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་ཕན་ཚུན་རོགས་རེས་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས།  །

རྩོམ་སྒྲིག་པ། འབྲུག་མོ།