མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་གི་གློག་རྡུལ་བྱང་བུ་དངོས་སུ་སྤྱོད་འགོ་ཚུགས།
2020.06.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་གི་གློག་རྡུལ་བྱང་བུ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་སོགས་ཞིང་ཆེན་ཡོངས་ཀྱི་ས་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་བཅུ་དང་སྨན་རྫས་ཚོང་ཁང་སྟོང་གཅིག་ཙམ་ནས་ཟླ་དྲུག་པའི་ཚེས་དགུའི་ཉིན་ནས་བཟུང་ཚོད་ལྟའི་ངང་སྤྱོད་འགོ་བརྩམས་པ་དང་། རྒྱལ་ཡོངས་སུ་ཐོག་མར་“བཤེར་རིས་འགྲེམས་ཐེངས་གཅིག་དང་མཉམ་བསྲེས་ཀྱིས་གཏོང་སྤྲོད་ཐུབ་པ”མངོན་འགྱུར་བྱུང་།

ཞིང་ཆེན་ཡོངས་སུ་འགན་བཅོལ་ནང་ཞུགས་མཁན་གྱིས“མཚོ་སྔོན་གྱི་སྨན་བཅོས་འགན་བཅོལApp”ནུས་སློང་བྱས་པ་བརྒྱུད་སྨན་བཅོས་འགན་སྲུང་གི་གློག་རྡུལ་བྱང་བུ་བེད་སྤྱོད་བྱེད་ཐུབ་ལ། ཚོད་ལྟའི་སྨན་བཅོས་ལས་ཁུངས་དང་སིལ་ཚོང་སྨན་རྫས་ཚོང་ཁང་གི་ཨང་བཤེར་རྩིས་སྤྲོད་བྱེད་སྐབས། སྨན་བཅོས་འགན་བཅོལ་བྱང་བུའི་རྩ་གཉིས་ཨང་གྲངས་བཀོལ་ཚེ། མི་སྒེར་གྱི་སྨན་བཅོས་འགན་སྲུང་རྩིས་ཐོ་དང་མི་སྒེར་གྱི་དངུལ་བྱང་གཉིས་སྦྲེལ་ནས་རྩིས་སྤྲོད་བྱེད་པ་སོགས་ལས་སླ་པོའི་ངང་སྨན་རིན་རྩིས་སྤྲོད་ལེགས་གྲུབ་འབྱུང་བ་དང་ཨང་རྟགས་གཅིག་གིས་ཀུན་སྒྲུབ་དང་བྱང་བུ་མེད་པར་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱུང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཅི་ཐུབ་བྱས་ནས་བོད་ཡིག་པར་གཞིའི་སྨན་བཅོས་འགན་སྲུང་གི་གློག་རྡུལ་བྱང་བུ་དུས་གཅིག་ཏུ་བཏོན་ནས་བོད་རིགས་མང་ཚོགས་ཀྱིས“བཤེར་རིས་ཁྱེར་ནས་སྨན་བཅོས”བྱེད་རྒྱུར་སྟབས་བདེ་བསྐྲུན།

རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་བ་དང་བསྟུན་ནས། སྨན་བཅོས་འགན་སྲུང་གི་གློག་རྡུལ་བྱང་བུ་དེ་མི་སྒེར་གྱི་འགན་སྲུང་ནང་ཞུགས་ནས་གྲོན་དངུལ་སྤྲོད་པ་དང་། སྨན་བཅོས་འགན་སྲུང་གི་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱེད་པ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས། ཐད་ཀར་སྨན་རིན་རྩིས་རྒྱག་ཐུབ་པ་སོགས་སྨན་བཅོས་འགན་སྲུང་ཞབས་ཞུ་རྒྱ་ཁྱབ་ངང་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་འགན་སྲུང་ནང་ཞུགས་མཁན་གྱི་ཐོབ་ཚོར་དང་། སྐྱིད་སེམས། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།