པེ་ཅིན་གྱིས་འཚོ་བའི་མཁོ་ཆས་ཚོང་རའི་མཁོ་སྤྲོད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།
2020.06.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཚེས་བཅུ་གསུམ་ཉིན། གསར་འགོད་པས་པེ་ཅིན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱ་དང་བཅུ་བཞི་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིན་ཧྥ་ཏི་སྡེབ་ཚོང་ཚོང་རར་གཏན་འཁེལ་ནད་དཔེ་ཐོན་པའི་རྐྱེན་གྱིས་གནས་སྐབས་སུ་ཚོང་རའི་ཚོང་གཉེར་བྱེད་མཚམས་འཇོག་ཏུ་བཅུག་ཡོད། འཚོ་བའི་མཁོ་ཆས་རྣམས་ཚོང་རས་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་ཆེད། པེ་ཅིན་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་མཆེད་སྐབས་བཙུགས་པའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཀྱི“གཅིག་གཏད་གཅིག”གི་ལྟ་ཞིབ་ཚད་ལེན་གྱི་དངོས་ཟོག་ཁ་གསབ་ལམ་སྲོལ་དང་། རིམས་ནད་སྐབས་གྱི་ཁུལ་ཆུང་གི་འཚོ་བའི་མཁོ་ཆས་ལྟ་ཞིབ་ཚད་ལེན་དང་འཕྲལ་སྡོམ་འགན་ལེན་བྱ་ཐབས་གཏིང་ཟབ་ཏུ་བཏང་ནས་ཚོང་རའི་ལྟ་ཞིབ་ཚད་ལེན་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་བཟང་བོ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་པེ་ཅིན་གྲོང་ཁྱེར་གྱིས་ཞིན་ཧྥ་ཏི་ཁྲོམ་རའི་གནས་སྐབས་སུ་ཚོང་གཉེར་བྱེད་མཚམས་འཇོག་པའི་འཕྲལ་སྡོམ་ཉོ་ཚོང་དང་མཁོ་སྤྲོད་འགན་ལེན་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་ཧྥིན་ཐའེ་ཆུས་དང་ཞིན་ཧྥ་ཏི་ཚོང་རའི་འཕྲལ་སྡོམ་ཉོ་ཚོང་དང་མཁོ་སྤྲོད་འགན་ལེན་བྱ་བ་ལེགས་སྒྲུབ་བྱེད་པར་མཛུབ་ཁྲིད་དང་། སྐུལ་ལྕག་གི་འགན་ཁུར་བ་རེད། གཞན་ཡང་པེ་ཅིན་གྱིས་ད་དུང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ཁེ་ལས་ཀྱི་འཁོར་རྒྱུགས་དང་རྐང་འཛིན་ཐབས་ལམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྔོ་ཚལ་དང་ཤ་རིགས་སོགས་དངོས་ཁུངས་ཁེ་ལས་ཀྱིས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་ཁེ་ལས་བར་ཐད་ཀར་མཁོ་འདོན་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱིས་ཚོང་ལས་ཀྱི་མཛོད་ཉར་བྱེད་ཚད་ཇེ་མང་དུ་གཏོང་རྒྱུར་མཛུབ་ཁྲིད་དང་མཐུན་སྦྱོར་བྱས་ནས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། ཁེ་ལས་ཀྱི་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། སྡེབ་ཚོང་ཁྲོམ་ར་གཞན་དག་གིས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཉོ་ཚོང་བྱ་ཡུལ་མང་དུ་བཏང་སྟེ་གྲོང་ཁྱེར་དེའི་འཚོ་བའི་མཁོ་ཆས་དང་ལྷག་པར་དུ་སྔོ་ཚལ་དང་སིལ་ཏོག་སོགས་རྒྱུན་ལྡན་ལྟར་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། འབྲུག་མོ།