གཅིན་སྙི་ཟ་ཁའི་བསྡོངས་ཟླའི་ནད་དེ་སོ་རྙིལ་ནད་ཀྱི་སྐོར།
2020.07.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

སོ་རྙིལ་ནད་ནི་སོ་རྟིང་དུ་འབྱུང་བའི་ནད་ཅིག་ཡིན་ལ། དེར་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཡོད། སྒྲ་ཡངས་འཇུག་གི་སོ་རྙིལ་ནད་ནི་སོ་རྟིང་དུ་བྱུང་བའི་ནད་རྐྱེན་སྣ་ཚོགས་ཀྱི་གནས་ཚུལ་ལ་བསྟན་པ་ཡིན་ལ། གཙོ་བོ་སོ་རྙིལ་གྱི་ནད་དང་སོ་འཁོར་གཉན་ཚད་གཉིས་ཀྱི་ནང་དུ་འདུ། སྒྲ་དོག་འཇུག་གི་སོ་རྙིལ་ནད་ནི་སོ་སྟེང་དུ་གནོད་པ་ཐེབས་པའི་སོ་འཁོར་གཉན་ཚད་ཁོ་ནར་བསྟན་པ་ཡིན་པས། སོ་རྙིལ་ནད་དེའི་ནང་དུ་མི་འདུ། འདིར་གཙོ་བོར་རྗེས་མ་བཤད་རྒྱུ་ཡིན་པ་སྟེ། སྒྲ་དོག་འཇུག་གི་སོ་འཁོར་གཉན་ཚད་དེ་རང་རྒྱལ་དུ་མཆེད་པའི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས། དེ་མིན་ནད་ཐོག་གསོ་བཅོས་ཀྱི་ཟུར་ཚད་ནས་སོ་རྙིལ་ནད་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྐྱེན་རིག་པ་དང་འབྲེལ་ནས་གསོ་བཅོས་ཁྱད་ཆོས་དཔྱད་བསྡུར་བྱེད་རྒྱུ་ཡིན།

རང་རྒྱལ་གྱི་རིམས་ནད་རིག་པས་སོ་རྙིལ་ནད་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་དབྱེ་ཞིབ།

སོ་རྙིལ་ནད་ནི་ཁ་སྦུག་གི་ནད་རིགས་ཆེན་པོ་གཉིས་ནང་གི་གཅིག་ཡིན་པ་དང་། འཛམ་གླིང་ཡོངས་སུ་ནད་དེ་འབྱུང་ཚད་ཅུང་མཐོ། རང་རྒྱལ་དུ་ནད་དེ་འབྱུང་ཚད་སོ་སྲིན་ལས་མཐོ་བ་དང་། སྡོམ་རྩིས་རིག་པས་དབྱེ་ཞིབ་བྱས་པ་ལྟར་ན། སོ་འཁོར་གཉན་ཚད་ཀྱིས་སོ་འབལ་བའི་རྒྱུ་རྐྱེན་གྱི་བརྒྱ་ཆའི་སུམ་ཅུ་ནས་བཞི་བཅུ་ཟིན། རྒྱལ་ཡོངས་ཀྱི་ཁ་སྦུག་བདེ་ཐང་རིམས་ནད་རིག་པས་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་ནས་ལོ་བཅུ་གཉིས་ཅན་དང་བཅོ་ལྔ་ཅན། ལོ་བཅོ་བརྒྱད་ཅན། ལོ་སོ་ལྔ་ནས་ཞེ་བཞི་ཅན། ལོ་རེ་ལྔ་ནས་དོན་བཞི་ཅན་བཅས་བར་གྱི་ལོ་ཡི་རིམ་པ་ལྔ་ནས་བསྡོམས་པས་ནད་པ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་ཉིས་བརྒྱ་དྲུག་ཅུའི་སོ་རྙིལ་ནད་ཀྱི་གནས་ཚུལ་ལ་དཔེ་འཐེན་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། རྒྱལ་ཡོངས་ཀྱི་ཁུལ་དྲུག་ཏུ་སོ་བདེ་ཐང་ཡིན་པའི་མི་ཧ་ཅང་ཉུང་བར་མ་ཟད། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་དེ་ལས་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད། སོ་ངོས་ཀྱི་ཞིབ་རྩད་ཆོད་ཚད་ཅུང་མཐོ་བར་མ་ཟད་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་རིམ་བཞིན་ཇེ་མཐོར་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད། སོ་རྙིལ་སྟེང་ཁྲག་འབུད་པ་ཞིབ་རྩད་ཆོད་ཚད་དེ་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། སོ་འཁོར་གཉན་ཚད་ཀྱི་ནད་འབྱུང་ཚད་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་རིམ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད། རང་རྒྱལ་ལོ་ལོན་ཅན་གྱི་སྤྱི་ཚོགས་སུ་གྱུར་པ་དང་བསྟུན་ནས་སོ་རྙིལ་ནད་དང་ཁྱད་པར་དུ་སོ་འཁོར་གཉན་ཚད་སྔོན་འགོག་དང་གསོ་བཅོས་བྱེད་རྒྱུ་དེ་ཁ་སྦུག་བདེ་ཐང་གི་གནད་དོན་གཙོ་བོར་གྱུར་ཡོད། ལོ་བཅོ་བརྒྱད་ཡན་གྱི་ལོ་ཚོད་ནང་སོ་འཁོར་གཉན་ཚད་ཞིབ་རྩད་ཆོད་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་ལྔ་བརྒྱད་རེད། རྣམ་གྲངས་འདིའི་སྡོམ་རྩིས་ནང་གཅིན་སྙི་ཟ་ཁུའི་ནད་ཀྱི་རྒྱུ་རྐྱེན་དང་སོ་རྙིལ་ནད་གཉིས་སོ་སོར་དགར་ནས་སྡོམ་རྩིས་བྱས་མེད། ཡིན་ནའང་འདིའི་ནང་ནད་པའི་བསྡུར་ཚད་ངེས་ཅན་ཞིག་ནི་ལུས་ཡོངས་ལ་ནད་ཡོད་པ་ལས་བྱུང་བའི་སོ་རྙིལ་ནད་ཡིན་པས་གཅིན་སྙི་ཟ་ཁུའི་བསྡོངས་ཟླའི་སོ་རྙིལ་ནད་ལ་བརྩིས་ཆོག

ནད་འབྱུང་རྐྱེན་གྱི་ཟུར་ཚད་མང་པོ་ནས་གཅིན་སྙི་ཟ་ཁུའི་ནད་དང་སོ་རྙིལ་ནད་གཉིས་ཀྱི་འབྲེལ་བར་དབྱེ་ཞིབ་བྱས་ན། ཁ་སྦུག་གི་ནད་རྟགས་ཡོད་པ་དང་། གཙོ་བོ་ཆ་ཤས་ཤིག་གི་ཁྲག་འཁོར་རྒྱུག་བྱེད་མ་ཐུབ་པར་སོ་རྟིང་ལ་དབྱང་དབུགས་མཁོ་འདོན་བྱས་པ་མ་འདང་པ་དང་། རྙིང་ཚབ་གསར་བྱེད་ཀྱི་སྙིགས་རོ་བསགས་པ། རིམས་འགོག་ནུས་པ་ཉམས་ནས་སོ་རྙིལ་ནད་ཇེ་ལྗིད་དུ་སོང་སྟེ་སོ་རྙིལ་སྟེང་ཁྲག་འབུད་པ་དང་སྐྲངས་པ། སོ་མཐར་རྣག་བསོག་པ། སོ་འགུལ་བ་བཅས་འབྱུང་བ་རེད།

གཅིན་སྙི་ཟ་ཁུའི་ནད་ནི་སོ་རྙིལ་ནད་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་རེད། སོ་རྙིལ་ནད་འབྱུང་བའི་རྒྱུ་རྐྱེན་ནི་ཁྲག་རིལ་དཀར་པོ་འཕེལ་བ་དང་ཟས་མིད་པའི་ནུས་པ་ཉམས་པ། ཁྲག་གི་མངར་ཆའི་གཞི་མཐིལ་སྐྱི་མོར་འགྱུར་བ། གཤེར་མའི་འདྲེས་ཚད་ཇེ་ཉུང་དུ་སོང་བ། དེ་མིན་རིམས་འགོག་སྙོམས་སྒྲིག་ནུས་པ་ཇེ་ཞན་དུ་སོང་ནས་ནད་པའི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་སྟེ་རྨ་ཁ་སོས་མི་ཐུབ་པ་རེད།  ཉེ་བའི་ལོ་འགའི་རིང་ལ་མངར་འགྱུར་གྱི་ཐོན་རྫས་རྗེས་མ་དང་ཕྲ་ཕུང་གིས་ལུས་པོར་ཐོན་པའི་ནུས་པར་ཤུགས་སྣོན་པ་ནི་གཅིན་སྙི་ཟ་ཁུའི་ནད་པའི་སོ་རྙིལ་ནད་ཇེ་ལྗིད་དུ་འགྲོ་བའི་ནད་ཀྱི་ནང་རྐྱེན་ཡིན་པ་ཤེས། ཕྲ་ཕུང་གིས་ལུས་པོར་ཐོན་པ་ནི་ཕྲ་ཕུང་ཕྱི་ངོས་ཀྱི་འདུས་རྡུལ་རིམས་འགོག་ཟླུམ་དབྱིབས་སྤྲི་དཀར་དེ་ཁྱིམ་རྒྱུད་ལས་བརྒལ་བའི་ཁྱིམ་མི་དེ་ཡིན། མངར་འགྱུར་གྱི་ཐོན་དངོས་རྗེས་མ་ནི་ཕྲ་ཕུང་གི་འཕེལ་ཕྱོགས་དངོས་རྫས་ཁྱུར་མིད་བཏང་སྟེ། ཁྱུར་མིད་བྱེད་པའི་ཕྲ་ཕུང་ལ་ངར་བསླངས་ནས་གཉན་ཚད་ཀྱི་ཕྲ་ཕུང་གི་རྐྱེན་གྲངས་ཕྱིར་གཏོང་ངེས། གཉན་ཚད་ཀྱི་སྨྱན་རྫས་འདི་དག་གིས་རུས་པར་གནོད་པའི་ཕྲ་ཕུང་དང་གཤེར་མའི་ཞུ་རྩི་འཁྲུག་པོར་བཏང་ནས་རུས་པ་དང་སོ་ཡི་ཕུང་གྲུབ་ལ་གནོད་པ་ཐེབས་ངེས། དེ་མིན་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། གནས་ཚུལ་གཅིག་འདྲའི་སོ་རྙིལ་ནད་ཀྱི་གནས་ཚུལ་འོག གཅིན་སྙི་ཟ་ཁུའི་ནད་པའི་སོ་རྙིལ་ནང་གི་གཤེར་ཁུའི་ཁྲོད་གྲུབ་རྫས་ཁ་ཤས་ཤིག་གཅིན་སྙི་ཟ་ཁུའི་ནད་མེད་པ་དག་ལས་མངོན་གསལ་གྱིས་མཐོ།

གཅིན་སྙི་ཟ་ཁུ་དང་སོ་རྙིལ་ནད་བར་གྱི་རྒྱུ་འབྲས་འབྲེལ་བ་དེ་ད་དུང་ཧ་ཅང་གསལ་བོ་ཞིག་མིན་ལ། ཁྱད་པར་དུ་མཐོ་སྒང་ས་ཆའི་སོ་རྙིལ་ནད་ཀྱི་རིམས་ནད་རིག་པའི་ཞིབ་འཇུག་དང་གཅིན་སྙི་ཟ་ཁུའི་བར་གྱི་འབྲེལ་བར་ད་དུང་སྔར་བས་ཞིབ་འཇུག་བྱེད་དགོས། གལ་ཏེ་འབྲེལ་བ་འདི་དག་དངོས་གནས་ཡོད་ཚེ་འབྱུང་སྲིད་པའི་ཐབས་ལམ་འགའ་ཡོད་པ་དང་ཐུན་མོང་གི་ཕན་ཚུན་བར་གྱི་རྒྱུ་རྐྱེན་གྱིས་ནད་རིགས་འདི་གཉིས་མཉམ་དུ་སྦྲེལ་དགོས། ནད་རིགས་གཉིས་ལ་ཐུན་མོང་དུ་ཡོད་པའི་ཉེན་ཁའི་རྒྱུ་རྐྱེན་ཁ་ཤས་ཀྱིས་འབྲེལ་བ་འདིའི་རིགས་ཀྱི་ཁག་ཅིག་འགྲེལ་བཤད་རྒྱག་ཐུབ་ཀྱང་སྲིད། ཐད་ཀའི་རྒྱུ་འབྲས་འབྲེལ་བ་དང་ཐུན་མོང་གི་ནད་སློང་བའི་རྒྱུ་རྐྱེན་གཅིག་པུ་དངོས་སུ་གནས་པའི་འབྲེལ་བ་གསལ་བཤད་བྱེད་འདོད་ན། ད་དུང་ཆེས་རྒྱ་ཆེ་བའི་མི་ཚོགས་དང་དེར་ཐེ་གཏོགས་བྱེད་པའི་ཚོད་ལྟ་དང་ལོ་འགའི་རིང་ལ་ཞིབ་འཇུག་བཅས་བྱེད་དགོས། དུས་མཚུངས་སུ་ཚན་རིག་ཞིབ་འཇུག་སྔར་ལས་མང་པོ་ཞིག་གིས་མྱུར་བའི་རང་བཞིན་གྱི་ནད་འགོས་ན་སྲིན་འབུ་རྟེན་སའི་གསང་རྒྱུད་ཟགས་གཤེར་དང་རྙིང་ཚབ་གསར་བྱེད་གནས་ཚུལ་བསྒྱུར་ཐུབ་པ་བདེན་དཔང་བྱས་པར་མ་ཟད། ཁྲག་གི་མངར་ཆ་ཚོད་འཛིན་བྱེད་དཀའ་བར་གྱུར་པ་དང་སོ་རྙིལ་བརྣགས་པ་དེས་གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་པར་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་དང་། སོ་རྙིལ་ནད་རིགས་ཀྱིས་འཇམ་ཁྲིད་བྱས་ནས་བྱུང་བའི་གཉན་ཚད་ལ་སྐུལ་བའི་སྨྱན་རྫས་ཀྱིས་ཀྱང་གཤེར་མའི་ཕུང་རྩིའི་རིམས་འགོག་སྙོམས་སྒྲིག་དང་གཤེར་མའི་ཕུང་རྩིའི་ཟ་ཤུགས་ཇེ་དམའ་རུ་གཏོང་ཐུབ། དེ་བས་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་མེད་སྔོ་མོ་ནས་བརྟག་དཔྱད་བྱེད་པ་ནི་སྔར་བཞིན་གཅིན་སྙི་ཟ་ཁུའི་མཉམ་འབྱུང་ནད་འབྱུང་བ་སྔོན་འགོག་བྱེད་ཐབས་ཆེས་བཟང་པོ་ཡིན། གཅིན་སྙི་ཟ་ཁུའི་ནད་པ་དང་སོ་རྙིལ་ནད་བྱུང་བའི་ནད་པར་གསོ་བཅོས་བྱེད་སྐབས་ཁོང་ནད་ཚན་ཁག་གི་སྨན་པ་དང་ཁ་ནད་ཚན་ཁག་གི་སྨན་པ་ནང་དུ་འདུས་པའི་ཆེད་མཁས་སྨན་པར་མཉམ་འབྲེལ་དམ་པོ་བྱས་ན། སོ་རྙིལ་ནད་དང་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ནད་པ་མང་པོ་ཞིག་ལ་སྔོན་འགོག་རང་བཞིན་གྱི་གསོ་བཅོས་ཁྲོད་ཕན་ཐོགས་འབྱུང་ཐུབ།

ནད་ཐོག་གསོ་བཅོས་ཀྱི་ཟུར་ཚད་ནས་བཤད་ན། གཅིན་སྙི་ཟ་ཁུའི་ནད་པར་སོ་རྙིལ་ནད་བྱུང་བའི་ནད་པ་རྒྱུན་ལྡན་གྱི་མི་ཚོགས་ལས་མངོན་གསལ་གྱིས་མཐོ། གཅིན་སྙི་ཟ་ཁུ་དང་ཁྱད་པར་དུ་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་དཀའ་བའི་གཅིན་སྙི་ཟ་ཁུའི་ནད་ནི་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་ལ། སོ་རྙིལ་ནད་འབྱུང་ཚད་མཐོ་བའི་ཉེན་ཁའི་རྒྱུ་རྐྱེན་ཡང་ཡིན། སོ་རྙིལ་ནད་ཀྱིས་གནོད་པ་ཐེབས་ཚད་དང་། ཁྲག་གི་མངར་ཆ་དང་རྒུན་འབྲུམ་མངར་ཆ་ནི་སྨན་ཁང་ཕྱོགས་ཀྱིས་ནད་པར་གསང་སྟེ་སྡོད་རྩ་རྒྱས་འཁུམ་སྟེང་གི་ཁྲག་རྩ་འགགས་པར་ཞྭ་དཔེ་ལྷན་འགེབས་ཚུལ་དུ་བཀོལ་བཞིན་ཡོད་མོད། ཤི་རྐྱེན་ལ་ཞིབ་བསྡུར་ཟབ་མོ་བྱེད་མཁན་མེད། །

རྩོམ་སྒྲིག་པ། འབྲུག་མོ།