མགོ་ལོག་གི་གཞུང་གཉེར་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
2020.07.29 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མི་དམངས་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་མི་སྣས་སྨན་བཅོས་ཀྱི་ལས་ལ་འབད་པ་ལྷོད་མེད་བྱས་ཏེ། པད་མ་རྫོང་མི་དམངས་སྨན་ཁང་དང་ཁ་གཏད་རོགས་སྐྱོར་ལས་ཁུངས་སྟེ་ཏ་ལེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་ནད་པ་ཞིག་ལ་བརྙན་རིས་རྒྱང་བསྟེན་སྨན་བཅོས་བྱས་པ་རེད།  མཚོ་སྔོན་ཞིང་ཆེན་གྱི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ཁྲོད། མགོ་ལོག་ཁུལ་གྱི་གཞུང་གཉེར་སྨན་ཁང་ཡོངས་ཀྱི་རྒྱང་བསྟེན་སྨན་བཅོས་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཤིང་། སྨན་བཅོས་དང་འགོག་བཅོས། བདེ་ཐང་། གསོ་བཅོས་སོགས་ཕྱོགས་བསྡུས་རང་བཞིན་གྱི་རྫོང་དང་ཡུལ་ཚོ་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཐོག་མར་གྲུབ།

མགོ་ལོག་ཁུལ་གྱིས་གཞུང་གཉེར་སྨན་ཁང་གི་སྤྱི་ཕན་རང་བཞིན་དང་དམ་དུ་འབྲེལ་ནས། ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་ཁུལ་རིམ་པའི་སྨན་བཅོས་སྡེ་ཚོགས་དང་རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་འཛུགས་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་བཏོད་པའི་སྔོན་འགྲོའི་འོག་ཏུ། སྨན་བཅོས་སྡེ་ཚོགས་གཉིས་དང་རྫོང་ཁོངས་ལྔ་ཡི་མཉམ་ལས་རང་བཞིན་གྱི་སྨན་བཅོས་ཕུང་བོ་འཛུགས་སྐྲུན་བྱས་ཤིང་། ཁུལ་མི་དམངས་སྨན་ཁང་སྤྱིའི་སྨན་ཁང་དུ་བྱེད་པ་དང་། བུད་མེད་དང་མ་བུ་བདེ་སྲུང་ཁང་དང་རྨ་ཆེན་རྫོང་མི་དམངས་སྨན་ཁང་། དེ་མིན་འཕྲོད་བསྟེན་ཁང་བརྒྱད་དང་སྡེ་བའི་འཕྲོད་བསྟེན་ཁང་སོ་ལྔས་མཉམ་འབྲེལ་གྱིས་ཁུལ་སྨན་བཅོས་སྡེ་ཚོགས་ཀྱི་ཞབས་ཞུ་འཛུགས་སྐྲུན་བྱས་ཡོད། ཁུལ་བོད་སྨན་ཁང་དེ་སྤྱིའི་སྨན་ཁང་དུ་བྱེད་པ་དང་། དགའ་བདེ་དང་དར་ལག པད་མ། གཅིག་སྒྲིལ་རྫོང་བཅས་ཀྱི་བོད་སྨན་ཁང་དང་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཞེ་ལྔས་མཉམ་འབྲེལ་སྒོས། ཁུལ་བོད་སྨན་ཁང་གི་སྨན་བཅོས་སྡེ་ཚོགས་འཛུགས་སྐྲུན་བྱས་ནས། བོད་སྨན་སྨན་བཅོས་མཛུབ་སྟོན་གྱི་ལས་ཀ་གཉེར། རྫོང་མི་དམངས་སྨན་ཁང་སྤྱིའི་སྨན་ཁང་དུ་བྱས་ཏེ། རྫོང་ཁོངས་ཀྱི་ནད་རིགས་ཚོད་འཛིན་ལྟེ་གནས་དང་མཉམ་འབྲེལ་སྒོས། བུད་མེད་དང་འཆར་ལྡན་བུ་སྐྱེ་ལྟེ་གནས་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་སྒོས། རྫོང་ཁོངས་སུ་དམ་འབྲེལ་ཅན་གྱི་སྨན་བཅོས་ཐུན་མོང་འཛུགས་སྐྲུན་བྱས་ལ། སྨན་བཅོས་དང་བདེ་སྲུང་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཁུལ་དང་རྫོང་། ཡུལ་ཚོ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཐོག་མར་གྲུབ། །

རྩོམ་སྒྲིག་པ། འབྲུག་མོ།