མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་པའི་རྟེན་གཞི་བསྐྲུན་རྒྱུ་རེད།
2020.08.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ས་ཡ་དྲུག་བཏང་ནས་མཚོ་སྔོན་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གློ་ཚད་རིམས་ནད་འགོག་བཅོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་ཚོད་དམ་འཛིན་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བརྒྱད་དང་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ཞེ་ལྔ་ཡི་ཕྱོགས་བསྡུས་སྨན་ཁང་ང་དྲུག་ཚང་མར་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཉིས་སྟོང་ཉི་ཤུ་ལོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་བའི་ཇུས་གཞིར་ཞིབ་འཇུག་དང་བཟོ་འགོད་བྱས་པ་མ་ཟད།  ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་བསམ་འཆར་བསྡུ་ལེན་ཐེངས་མང་བྱས་ཐོག  རྒྱལ་ཁབ་ཀྱི་མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འགྲེམ་གཏོང་བྱས་པའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ས་ཡ་དྲུག་ཞིང་ཆེན་རིམ་པའི་རིམས་ནད་ཚབས་ཆེན་སྐྱོབ་བཅོས་རྟེན་གཞི་་གཅིག་གི་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་དང་རྫོང་རིམ་པའི་སྨན་ཁང་སོ་དགུ་ཡི་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་བའི་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ་རེད། ལས་གཞི་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་འཕྲལ་སྡོམ་སྐྱོབ་བཅོས་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་རྒྱུན་ལྡན་ཅན་གྱི་སྔོན་འགོག་ཚོད་འཛིན་སྐྱོབ་བཅོས་ཀྱི་ཆུ་ཚད་ཇེ་མཐོ་རུ་འགྲོ་སྲིད།

རྩོམ་སྒྲིག་པ། འབྲུག་མོ།