ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
2020.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དགུ་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་ཀྱི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཐོག་ཏུ་བརྙན་འཕྲིན་དང་དྲ་ཐོག་ནས་ཐད་གཏོང་བྱས་པའི་གནས་ཚུལ་ལ་བལྟས་པ་བརྒྱུད། ཁོ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ཚུར་སྣང་དྲག་པོ་བྱུང་།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་དུས་ཐོག་ཏུ་ཚོགས་ཁང་དུ་བསྡད་དེ་རྒྱལ་ཡོངས་ཀྱི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་གྱི་གནས་ཚུལ་དངོས་ཐད་གཏོང་བྱ་རྒྱུར་སྒུག་ཡོད།

རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུའུ་ཞིའི་བཀའ་རྒྱའི་ནང་གི་གཟི་འོད་འཚེར་བའི་མིང་རེ་རེ་སྒྲོག་འདོན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོར་བྱས་རྗེས་གཟེངས་རྟགས་གནང་སྐབས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་སྤྲོ་སེམས་འཕེལ་བ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བླ་ན་མེད་པའི་གུས་འདུད་དང་དཔའ་བོ་ཚོར་སློབ་སྦྱོང་བྱེད་དགོས་ཟེར། ཐེངས་འདིའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་འཛིང་ཁྲོད། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་དང་པོ་ནས་བཟུང་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་བཀོད་འདོམས་པུའུ་དང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཏུ།  རྒྱ་ཆེའི་ལས་བཟོ་བ་རྩ་འཛུགས་སྒོས་བདེ་འཇགས་མི་སྣར་རྩིས་བཤེར་ནན་མོ་བྱས་ནས། དོགས་ཡོད་ནད་པར་དཔེ་དབྱིབས་འཚོལ་བ་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན། རིམས་ནད་ས་ཁུལ་གཙོ་བོའི་ཡུལ་དངོས་ནས་དུག་སེལ་བཅས་བྱས་ཏེ། རིམ་ནད་འགོག་པའི་དམག་འཐབ་ཀྱི་དུས་རིམ་རང་བཞིན་ལ་རྒྱལ་ཁ་ཐོབ་པར། རང་ཉིད་ཀྱིས་འཇོག་འོས་པའི་བྱས་རྗེས་གང་ལེགས་བཞག་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།