ཉིས་སྟོང་ཉི་ཤུ་ལོའི་ནོ་པེར་བྱ་དགའ་སྟེར་བའི་མཛད་སྒོ་དེ་པྲོག་གསར་གློ་ཚད་ཀྱི་རྐྱེན་གྱིས་དྲ་ཐོག་ནས་སྤེལ་རྒྱུ་རེད།
2020.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས་ཉེར་གཉིས་ཉིན་ནོ་པེར་ཐེབས་རྩ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་པོ་ལ་སི·ཧའེ་ཁིན་སི་ཐིན་གྱིས་བསྟན་དོན། རིམས་ནད་ཀྱི་ཤུགས་རྐྱེན་གསར་པ་ཐེབས་པའི་དབང་གིས། ད་ལོའི་ཟླ་བཅུ་གཉིས་པའི་ནང་སྤེལ་འཆར་ཡོད་པའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཡུལ་དངོས་ནས་མི་འཚོག་པར་དྲ་ཐོག་ཏུ་གཉེར་རྒྱུ་ཡིན་ཟེར།

ཧའེ་ཁིན་སི་ཐིན་གྱིས་ཉིན་དེར་སུའེ་ཙེར་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པྲོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་རྐྱེན་གྱིས་ནོ་པེར་ཐེབས་ཚོགས་པས་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་སུའེ་ཙེར་གྱི་རྒྱལ་ས་སི་ཏི་ཀི་ཨར་མོ་རུ་སྤེལ་འཆར་ཡོད་པའི་ནོ་པེར་བྱ་དགའ་སྟེར་བའི་མཛད་སྒོ་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་པར་མ་ཟད། བྱ་དགའ་ཐོབ་མཁན་རྣམས་རྒྱུན་སྲོལ་ལྟར་སི་ཏི་ཀི་ཨར་མོ་ལ་གདན་འདྲེན་མི་བྱེད་པར། རང་སོ་སོའི་རྒྱལ་ཁབ་ནས་འབྲེལ་ཡོད་བྱ་དགའ་སྤྲོད་རྒྱུ་ཡིན་ཟེར།

ཧའེ་ཁིན་སི་ཐིན་གྱིས་བཤད་རྒྱུར། ད་ལོའི་བྱ་དགའ་ཐོབ་མཁན་གྱིས་སུའེ་ཙེར་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ངམ་ཡང་ན་དེའི་ཞིབ་འཇུག་བྱེད་མཁན་སློབ་ཆེན་ལ་ནོ་པེར་བྱ་དགའ་དང་ལག་ཁྱེར་སྤྲོད་རྒྱུ་དང་། གཙོ་སྒྲུབ་ལས་ཁུངས་ཀྱིས་སི་ཏེ་ཀི་ཨར་མོའི་གྲོང་ཁྱེར་སྲིད་དོན་ཐིན་གྱི་སྐུད་ལམ་ནས་བྱ་དགའ་སྟེར་བའི་མཛད་སྒོ་ཐད་གཏོང་བྱེད་རྒྱུ་ཡིན་ཟེར།  །

                                                                                                                          རྩོམ་སྒྲིག་པ། འབྲུག་མོ།