ང་ཡི་མེས་རྒྱལ། འགྲན་མེད་ཀྱི་སྟོབས་ཤུགས།
2020.09.24 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 26

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་གྱིས་ཀྲུང་གོའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དེ་ནུས་ལྡན་ཡིན་པ་ར་སྤྲོད་བྱས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་སུའུ་སྨི་ཡ་སི་ཝ་སྨི་ན་ཐན་གྱིས། ཀྲུང་གོའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་པ་མ་ཟད། རིམས་འགོག་སྨན་ཁབ་ཁག་གཅིག་ལ་ད་ལྟའི་དུས་རིམ་གྱི་ནད་ཐོག་སྨན་བཅོས་ཚོད་ལྟའི་ཁྲོད་དུ་ཕན་ནུས་ལྡན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། པྲོག་གསར་གློ་ཚད་རྒྱ་ཁྱབ་དུ་འགྲོ་བའི་གནད་དོན་མཚམས་འཇོག་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་ཡོང་བའི་བྱེད་ཐབས་ཡག་ཤོས་ནི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་འགན་ལེན་བྱེད་རྒྱུ་དེ་ཡིན་ཞེས་གསུངས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།