ད་ལོའི་དུས་ཚིགས་གསུམ་པར་ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་གནས་བབ་གཏན་འཇགས་རེད།
2020.10.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ད་ལོའི་དུས་ཚིགས་གསུམ་པར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཆེས་གཟབ་ནན་བཞིའི་བླང་བྱ་ལྟར། བདེ་འཇགས་ལ་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འདུས་ཤུགས་ཀྱིས་རིམས་ནད་འགོག་བཅོས་སྨན་རྫས་སྒྲིག་ཆས་ལ་འགན་སྲུང་དང་། སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སྔོག་འདོན་བྱས་ཏེ། སྨན་རྫས་བདེ་འཇགས་དང་ཐོན་ལས་འཕེལ་རྒྱས་གཏན་འཇགས་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་སྨན་རྫས་བདེ་འཇགས་བྱེད་སྟངས་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་བསྡོམས་པས་སྨན་རྫས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་བཞི་བརྒྱ་ཞེ་གཉིས་ལ་ཞིབ་བཤེར་དང་། ཁེ་ལས་ང་གཉིས་ལ་ལེགས་སྒྲིག་བྱས་ཤིང་། སྨན་བཅོས་འཕྲུལ་ཆས་ཐོན་སྐྱེད་ཁེ་ལས་ཉེར་གསུམ་དང་ཚོང་གཉེར་ཁེ་ལས་ཉིས་བརྒྱ་དང་བཞི་བཅུ།  བེད་སྤྱོད་ལས་ཁུངས་ཉིས་བརྒྱ་དང་ང་ལྔ་ལ་ཞིབ་བཤེར་དང་། ལས་ཁུངས་སོ་གསུམ་ལ་ལེགས་བཅོས་བཀའ་བརྡ་བཏང་། བྱུགས་རྫས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ཉིས་བརྒྱ་ཞེ་བརྒྱད་ལ་ཞིབ་བཤེར་བྱས། །

རྩོམ་སྒྲིག་པ། འབྲུག་མོ།