ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ཨེ་ཙིའི་ནད་འགོག་བཅོས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་ལས་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཡིས་ལས་གཞི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལས་གཞི་དེ་ལྟ་བུ་ཞིག་ལས་མགོ་བརྩམས་པ་དེས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་སྨན་བཅོས་ཕྱོགས་བསྡུས་ཁོར་ཡུག་ལེགས་བཅོས་དང་། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་སྔོན་འགོག་དང་སྨན་བཅོས་ཆུ་ཚད་མཐོར་འདེགས་སུ་བཏང་བ་རེད།
ཤེས་གསལ་བྱུང་བ་ལྟར་ན། ལས་གཞི་དེར་སྤྱིའི་མ་དངུལ་ཁྱོན་བསྡོམས་པས་སྒོར་བྱེ་བ་བདུན་དང་ས་ཡ་གཉིས་བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་དོན་ལྔ་ཡོད་པ་དང་མལ་ཁྲི་ཉིས་བརྒྱ་དང་བཅུ་ཡོད་ལ། སྔོན་རྩིས་བྱས་ན་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱ་རྒྱུ་རེད།
འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་ལ་དམིགས་པའི་འགོག་བཅོས་ལྟེ་གནས་ཀྱི་ལས་གཞི་ཤིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ཡོན་ཀྲང་གཞོན་པ་ཐའོ་པའོ་ཀྲུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་དེ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ནད་པའི་ཞག་སྡོད་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་པ་མ་ཟད། ཨེ་ཙིའི་ནད་གྱི་རིག་ཚན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་འགོག་བཅོས་དང་སྨན་བཅོས། དྲིལ་སྒྲོག་གི་ཐད་ལ་སྐུལ་འདེད་དང་མཐོར་འདེགས་ཀྱི་ནུས་པ་ཐོན་རྒྱུ་རེད་ཟེར།།
རྩོམ་སྒྲིག་པ། འབྲུག་མོ།