འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་ཡང་བསྐྱར་རིམས་ནད་ཚོད་འཛིན་བྱེད་པའི་ནུས་པ་ཡོད་པའི་ཚུལ་བསྟན། 
2020.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་ཚེས་ཉེར་དྲུག་ཉིན་བསྟན་དོན། མིག་སྔར་ཡོ་རོབ་གླིང་དེ་པྲོག་གསར་གློ་ཚད་རིམས་ནད་ཚབས་ཆེ་བའི་གནས་སུ་གྱུར་ཡོད་ཀྱང་། ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་ཡང་བསྐྱར་རིམས་ནད་ཚོད་འཛིན་བྱེད་པའི་ནུས་པ་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་མེད་ཁིར་རོས་ཨན་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གཟའ་འཁོར་སྔོན་མར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་ཞེ་དྲུག་གི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དང་སུམ་ཆའི་གཅིག་གི་རྐྱེན་ལམ་དུ་ཤོར་བའི་ནད་པ་ཡོ་རོབ་གླིང་གི་ཡིན་པ་དང་། ཡོ་རོབ་གླིང་དེ་རིམས་ནད་ཚབས་ཆེ་བའི་གནས་སུ་གྱུར་ཡོད་པ་བསྙོན་མེད་རེད་ཟེར། ཁོས་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་ཕྱོགས་ཡོངས་ཀྱི་རིམས་འགོག་བྱེད་ཐབས་སྤྱོད་པ་དང་། སྔ་མོ་ནས་འགུལ་སྐྱོད་སྤེལ་ནས་སྔོན་འགོག་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་ལས་གཞིའི་ལག་རྩལ་གྱི་འགན་ཁུར་བ་ཧྥན་ཁའེ་ཨར་ཁི་ཧའོ་ཧྥེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཡོ་རོབ་གླིང་གི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའི་ནང་ནད་ཁྲི་མི་འདང་བའི་སྣང་ཚུལ་འབྱུང་སྲིད་ཟེར། ཁོ་མོས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། འབྲུག་མོ།