ཡུས་ཧྲུའུ་གྲོང་ཁྱེར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྐྱོང་རྟེན་གཞི་སྐྲུན་མགོ་ཚུགས།
2020.11.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 33

ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྐྱོང་རྟེན་གཞི་དངོས་སུ་སྤྱོད་མགོ་ཚུགས་པ་རེད། རྟེན་གཞིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ས་གནས་དེ་གའི་རྒྱ་ཆེའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་པ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་རྒྱུན་མཐུད་དང་། མགྱོགས་མྱུར། བེད་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྐྱོང་རྟེན་གཞིས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་གསོ་སྦྱོང་སློབ་གསོ་དང་དྲག་སྐྱེད་དངོས་བཅོས་ཟུང་འབྲེལ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་ཐད་གསོ་སྦྱོང་དང་ལས་ཞུགས། གསོ་སྦྱོང་དང་དབུལ་སྐྱོར། གསོ་སྦྱོང་དང་ཚན་རྩལ་ཁྱབ་གདལ་ཟུང་འབྲེལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་ལ།  སློབ་མར་སྟབས་བདེ་བཟོ་བ་དང་སྣ་མང་གདམ་གསེས་བྱེད་པ་ནས་མགོ་བརྩམས་ཏེ་མཉམ་ལས་བྱེད་ཐབས་སྣ་མང་སྤྱད་པ་དང་། ཐབས་ལམ་མང་བ། རིམ་པ་མང་བ། རྣམ་པ་མང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་ལོངས་སུ་སྤྱོད་གང་ཐུབ་བྱས་ནས་གསོ་སྐྱོང་སྦྱོང་བརྡར་བྱེད་ཀྱིན་ཡོད།   །

རྩོམ་སྒྲིག་པ། འབྲུག་མོ།