ཟི་ལིང་གྲོང་ཁྱེར་གྱི་དབུལ་ཕོངས་མི་གྲངས་གཞི་རྩའི་སྨན་བཅོས་ཉེན་ཚབ་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
2020.11.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 50

ཉེ་ཆར་གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར། ཟི་ལིང་གྲོང་ཁྱེར་གྱི་དབུལ་ཕོངས་མི་གྲངས་རྣམས་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་དང་ཐོབ་ཆ་ལོངས་སྤྱོད་བྱེད་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་གི་གནད་ཁེལ་དབུལ་སྐྱོར་ནས་མགོ་ཚུགས་ཤིང་། འབྲེལ་ཡོད་ཀྱི་དབུལ་ཐར་སྲིད་ཇུས་མཐའ་འཁྱོངས་དང་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྨན་བཅོས་འགན་སྲུང་གི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བར་གཏན་འགོག་བྱས། དབུལ་ཕོངས་མི་སྣའི་སྨན་བཅོས་འགན་ལེན་གྱི་ཐོབ་ཆ་དོན་འཁྱོལ་བྱས་ནས་སྒོ་བསྟེན་སྨན་ཁང་གི་དལ་བའི་རང་བཞིན་གྱི་ནད་རིགས་སྐོར་གྱི་གཅོང་ནད་ཀྱི་ཆོག་འཐུས་ཚད་གཞི་ཇེ་དམའ་རུ་བཏང་བ་དང་། དབུལ་ཕོངས་མི་སྣར་ནད་ལྗིད་མོའི་ཉེན་ཚབ་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་རྩིས་ཞུའི་བསྡུར་ཚད་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་པ། ཞིང་སྡེའི་དབུལ་ཕོངས་མཐའ་སྐྱོང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཙུགས་ནས་ཞིང་སྡེའི་ཡོང་འབབ་དམའ་བའི་རོགས་སྐྱོབ་བྱ་ཡུལ་གྱི་རོགས་སྐྱོབ་ཚད་གཞི་ཇེ་མཐོར་བཏང་། དུས་མཚུངས་སུ། སྨན་བཅོས་རོགས་སྐྱོབ་ཀྱི་གནས་ས་གཏན་འཁེལ་བྱས་པའི་སྨན་བཅོས་སྡེ་ཁག་གིས་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་། ནད་ལྗིད་མོའི་ཉེན་ཚབ།  སྨན་བཅོས་རོགས་སྐྱོབ་བཅས“གཅིག་འཐུས་རྣམ་པའི་ཞབས་ཞུ་དང་། སྒེའུ་ཁུང་གཅིག་ནས་སྒྲུབ་པ། ལམ་ལུགས་གཅིག་གིས་མཇུག་རྩིས་རྒྱག་པ”བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་། ནད་ལྗིད་མོ་སྨན་བཅོས་ཉེན་ཚབ། སྨན་བཅོས་རོགས་སྐྱོབ་བཅས“བར་མེད་སྦྲེལ་མཐུད”བྱེད་ཐུབ་པ་བྱུང་། །

རྩོམ་སྒྲིག་པ། འབྲུག་མོ།