མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཕན་འབྲས་ལ་ཕྱོགས་གསུམ་པས་དཔྱད་འཇོག་ལས་དོན་སྤེལ་མགོ་བརྩམས།
2020.11.24 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 8

ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་གི་ཕན་འབྲས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས། ཉེ་ལམ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དུ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཕན་འབྲས་ཕྱོགས་གསུམ་པས་དཔྱད་འཇོག་བྱེད་མགོ་བརྩམས།

ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཐུམ་འབུའི་ནད་འགོག་བཅོས་ཀྱི་མཇུག་མཐའི་ལོ་ཡིན་ཞིང་། ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་དེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྱུང་རྩ་དང་རྨང་གཞིར་གྱུར་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་གི་ཐུམ་འབུའི་ནད་ཀྱི་མཐའ་མའི་ཚོད་སྐོར་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་གྱི་དཔྱད་འཇོག་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཞིབ་ཕྲའི་ཞིབ་འཇུག་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་མཐའ་མའི་དཔྱད་འཇོག་ཇུས་གཞི》བཟོས་པ་རེད། ཚན་རིག་དང་མཐུན་ཞིང་། དོན་དངོས་དང་མཐུན་པ། གཞུང་དྲང་། དྲང་བདེན་བཅས་ཀྱི་སྒོ་ནས་འགོག་བཅོས་ལས་དོན་གྱི་ཕན་འབྲས་ལ་དཔྱད་འཇོག་བྱེད་ཆེད། ད་ཐེངས་ཀྱི་དཔྱད་འཇོག་ལས་དོན་གྱི་མགོ་འཛུགས་གསོ་སྦྱོང་དང་། ཡུལ་དངོས་ཚོད་སྐོར། ཆེད་མཁས་པའི་བཞུགས་མོལ་དང་དཔྱད་འཇོག་ཕྱོགས་སྡོམ་བཅས་དུས་མཚམས་བཞིར་དབྱེ་ཡོད། 《རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་སོགས་གཞན་བརྟེན་སྲིན་འབུའི་ནད་གཙོ་བོ་འགོག་བཅོས་འཆར་འགོད(2016ལོ་ནས2020ལོའི་བར)》དང《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་འཆར་གཞི(2016ལོ་ནས2020ལོའི་བར)》གྱི་འགོག་བཅོས་དམིགས་ཚད་དང་ལས་འགན་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས། འགོག་བཅོས་ཐབས་ཇུས་ལེགས་འགྱུར་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་རིམ་གྱི་འགོག་བཅོས་འཆར་འགོད་གཏན་འབེབས་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།