ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།
2020.11.24 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

ཉེ་ལམ། གསར་འགོད་པས་ཞིང་ཆེན་སྨན་བཅོས་ཉེན་ཚབ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  སྨན་བཅོས་ཉེན་ཚབ་ཐེབས་རྩའི་དོ་དམ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་དང་།  སྨན་བཅོས་ཉེན་ཚབ་སྡེ་ཁག་གི་ཐེབས་རྩའི་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་ཆེད།  ཐེབས་རྩ་དོ་དམ་གྱི“སྒོ་སྲུང་བ”བཟང་པོ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི“སྲོག་སྐྱོབ་དངུལ”བརྟན་སྲུང་བྱེད་དགོས།  ཉེ་ཆར།  ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིན་གྱིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྟ་སྐུལ་བསམ་འཆར》འགྲེམས་སྤེལ་བྱས་ནས།  སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ པ་རེད།  

《ལྟ་སྐུལ་བསམ་འཆར》ནང་།  རིམ་པ་ཁག་གི་སྨན་བཅོས་ཉེན་ཚབ་སྡེ་ཁག་གིས་སྨན་བཅོས་ཉེན་ཚབ་ཐེབས་རྩ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ལ་བརྩི་དགོས།  ཆབ་སྲིད་ཀྱི་ཕྱོགས་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས།  ཆབ་སྲིད་ལྟ་སྐུལ་གྱི་ཞིབ་ཕྲའི་མཚོན་ཚུལ་དང་རྒྱུན་ལྡན་གྱི་ལྟ་སྐུལ་ནང་དོན་གཙོ་གནད་དུ་བཟུང་བ་དང་།  ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་དགོས།  །

《ལྟ་སྐུལ་བསམ་འཆར》ནང་ད་དུང་སྒྲིག་བཤེར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་རྒྱུན་ལྡན་གྱི་ལྟ་ཞིབ་ལ་ཤུགས་བསྣན་ནས།  ནན་ཏན་གྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་དེ་བཞིན་བཀོལ་སྤྱོད་ཐད་སྨན་བཅོས་ཉེན་ཚབ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་ཐད་ཞིབ་ཕྲའི་གཏན་ཁེལ་བཟོས་ཡོད།  །

རྩོམ་སྒྲིག་པ། འབྲུག་མོ།