ཚོགས་སྒྲིག་རྣམ་པའི་སྨན་བཅོས་མི་སྣ་བརྒྱད་བརྒྱ་དང་ཞེ་གཅིག་གིས་བོད་ལྗོངས་ལ་སྨན་བཅོས་རོགས་སྐྱོར་བྱས།
2021.01.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་རྗེས། སྨན་བཅོས་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཡོངས་སུ་སྤེལ་མགོ་བརྩམས། མིག་སྔར་བར་དུ་བསྡོམས་པས་སྨན་བཅོས་མི་སྣ་བརྒྱད་བརྒྱ་ཞེ་གཅིག་བོད་ལྗོངས་སུ་སོང་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་།

སྨན་བཅོས་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལག་བསྟར་བྱས་པའི་རིང་ལ། བསྡོམས་པས་སྨན་བཅོས་རུ་ཁག་བདུན་བརྒྱ་ཉེར་གཅིག་དང་ས་གནས་དེའི་སྨན་བཅོས་མི་སྣ་སྟོང་གཉིས་དང་སོ་གཅིག་ལ་ཁྲིད་སྟོན་བྱས་ཏེ། སྨན་བཅོས་རྐང་འཛིན་མི་སྣ་སྟོང་བཞི་སྐྱེད་སྲིང་བྱས་པར། རོགས་སྐྱོར་ཐོབ་པའི་སྨན་པ་བརྒྱ་དང་གོ་གཉིས་ཡིས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་སྣ་གཅིག་ནས་གཉིས་བྱེད་ཐུབ་པ་དང་། ནད་རིགས་བཞི་བརྒྱ་ལྷག་ལྗོངས་ཕྱི་རོལ་དུ་བསྐྱོད་མི་དགོས་ཤིང་། ནད་རིགས་འབྲིང་ཙམ་མང་ཆེ་ཤས་གྲོང་ཁྱེར་ཕྱི་རོལ་དུ་བསྐྱོད་མི་དགོས་པར་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱས།

བོད་སྐྱོར་སྨན་པ་སླེབས་པ་ལས་བོད་ལྗོངས་རང་ས་གནས་ཀྱི་སྨན་ཁང་གི་ཚན་རིག་ཞིབ་འཇུག་ཆུ་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་། གཞི་གྲངས་ལྟར་ན། ནང་ལོག་ས་ཁུལ་གྱི་སྨན་པས“སྨན་ཁང་གིས་ཚན་ཁག་གི་འགན་ལེན་པའི”རྣམ་པ་བརྒྱུད་དེ། ནང་ལོག་གི་ཉམས་མྱོང་སྔོན་ཐོན་དང་ལག་རྩལ་གྲུབ་འབྲས་སྟོང་གཅིག་དང་རེ་གཅིག་ “ཐུམ་རྒྱག་རྩ་སྤོས”བྱས་ནས། ལག་རྩལ་གྱི་དཀའ་ཁག་སྟོང་གཅིག་དང་སུམ་བརྒྱ་ལྷག་འགག་སྒྲོལ་བྱས་པར་བོད་ལྗོངས་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆའི་རྣམ་གྲངས་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཅིག་བསྐངས་བ་རེད།

བོད་ལྗོངས་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཝན་དེ་ཞུའུ་ཡིས་བཤད་རྒྱུར། བོད་སྐྱོར་ཆེད་མཁས་པའི་ལག་རྩལ་སྔོན་ཐོན་དང་དོ་དམ་འདུ་ཤེས་ལ་བརྟེན་ནས་བོད་ལྗོངས་ཀྱི་ས་གནས་དེའི་སྨན་བཅོས་སྟོང་ཆ་བསྐང་བ་མ་ཟད། ས་གནས་དེར“འཁྱེར་མི་ཐུབ་པ་དང་འདུག་ཐུབ་པའི”སྨན་བཅོས་མི་སྣ་སྐོར་ཞིག་བཞག་ཡོད་ཟེར།  །

རྩོམ་སྒྲིག་པ། འབྲུག་མོ།