ཟླ་དང་པོའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན། ཡང་དང་བསྐྱར་དུ་ཞིབ་དཔྱད་བྱས་པ་བརྒྱུད། ཐེན་ཅིན་གྲོང་ཁྱེར་གྱི་ཚོང་རར་ཐོན་པའི་རིམས་ནད་དང་འབྲེལ་བ་ཡོད་པའི་འཁྱགས་ཞོ་སྒམ་སུམ་བརྒྱ་གོ་གསུམ་ནང་། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྒམ་སུམ་བརྒྱ་དོན་གཉིས་བསྡུ་ལེན་བྱས་ཤིང་། སྒམ་གཞན་པ་ཉེར་གཅིག་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན། ཐད་ཀར་འབྲེལ་བ་ཡོད་པ་དང་། འཛད་སྤྱོད་པ། དེ་བཞིན་འབྲེལ་བ་དམ་ཟབ་ཡོད་པ་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་བྱས་ཤིང་། ཐོག་མའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚང་མ་སྲིབས་གཤིས་ཡིན་པ་རེད།
ཚེས་བཅུ་བཞིའི་ཉིན། ཐེན་ཅིན་གྲོང་ཁྱེར་གྱི་ཅིན་ནན་ཆུས་ནད་ཡམས་ཚོད་འཛིན་སྡེ་ཁག་གིས་ཐེན་ཅིན་གྲོང་ཁྱེར་གྱི་ཏ་ཆའོ་ཏའོ་ཟས་རིགས་ཚད་ཡོད་ཀུང་སིས་ཞིབ་བཤེར་ཚད་ལེན་བསྐྱལ་པའི་འཁྱགས་ཞོར་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་ལ། འཁྱགས་ཞོ་མ་དཔེ་གསུམ་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ནི་གདགས་གཤིས་ཡིན་པ་ཤེས། དེ་རྗེས་འབྲེལ་ཡོད་ལས་ཁུངས་ཀྱིས་འཕྲལ་དུ་ཁེ་ལས་ལ་ཕྱོགས་ཡོངས་ནས་བཀག་སྡོམ་དང་ཚོད་འཛིན་བྱས་པ་མ་ཟད་ནད་དུག་གི་ཁུངས་འདེད་ཡང་བྱས་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།