རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་སྔོན་འགོག་དང་ཚོད་འཛིན་ལས་ཁུངས་ཀྱིས་ཚེས་བཅུ་གསུམ་ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་དོ་དམ་ཅུའུ་ཡི་ལྟ་ཞིབ་ཆེད་མི་གོ་ཡན་ཧུང་གིས་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོའི་རིང་ལ། རང་རྒྱལ་གྱིས་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་གི་འཛུགས་སྐྲུན་དང་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ཏེ། ས་གནས་སོ་སོའི་ཉིང་སྐྱུར་བརྟག་དཔྱད་ཆུ་ཚད་དང་ཕན་འབྲས་ལ་མཐོར་འདེགས་ཆེན་པོ་བྱུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། མིག་སྔའི་བར་དུ། རྒྱལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྟོང་བརྒྱད་དང་བཞི་བརྒྱ་སོ་བདུན་ཡིས་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་ཆོག་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཟླ་མཇུག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ཉིས་སྟོང་གྱ་གཅིག་གི་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ལས་ལྡབ་བཞི་འཕར་བ་དང་། སྦུ་རྐྱང་གི་བརྟག་དཔྱད་བྱེད་ཚད་ཉིན་རེར་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་དང་ཁྲི་ལྔ་ལ་སླེབས་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཟླ་མཇུག་གི་མི་ས་ཡ་གཅིག་དང་འབུམ་གཉིས་དང་ཁྲི་དྲུག་གི་ལྡབ་བཅུ་ཡིན་པར་བསྟན།།
རྩོམ་སྒྲིག་པ། འབྲུག་མོ།