རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་ཆ་འཕྲིན་ལས་མངོན་པ་ལྟར་ན། ཤུགས་ཆེན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལེགས་པོར་སྒྲུབ་ཆེད། 2020ལོར་ས་ཁུལ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་པྲོག་གསར་གློ་ཚད་ནད་པ་གཅིག་བསྡུའི་སྨན་བཅོས་ལས་ཁུངས་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་གོ་བཞི་སྔོན་སྤྲོད་བྱས་ཤིང་། ལོ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་ནད་པར་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར་ཉེར་བརྒྱད་དང་བྱེ་བ་བཞི་རྩིས་ཞུ་བྱས།
ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ལས་ཐོན་སླར་གསོ་ལ་རོགས་འདེགས་བྱེད་ཆེད། དུས་མཚམས་རང་བཞིན་གྱི་ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་ལས་ཁུངས་ཀྱི་གྲོན་དངུལ་བསྡུ་ཚད་ཕྱེད་ཀར་གཅོག་ཡོད་པ་དང་། ཟླ2པ་ནས་ཟླ7པའི་བར་དུ་སྨན་བཅོས་འགན་སྲུང་ལས་ཁུངས975ལ་གྲོན་དངུལ་སྒོར་དུང་ཕྱུར1649མེད་པར་བཏང་ཞིང་། དེའི་ནང་ཁེ་ལས་ཀྱི་གྲོན་དངུལ་སྒོར་དུང་ཕྱུར1500ཡོད། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་ཆེད། ས་ཁུལ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་པྲོག་གསར་གློ་ཚད་ནད་པ་བསྡུ་ལེན་ངེས་གཏན་ལས་ཁུངས་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར194སྔོན་སྤྲོད་བྱས་པ་དང་། ལོ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་ནད་པར་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར28.4རྩིས་ཞུ་བྱས་ལ། དེའི་ནང་སྨན་བཅོས་འགན་སྲུང་གི་ཐེབས་རྩ་སྒོར་དུང་ཕྱུར16.3སྤྲད་ཡོད།
རྩོམ་སྒྲིག་པ། འབྲུག་མོ།