ཀྲུང་ལུགས་གསོ་རིག་དང་པྲོག་གསར་གློ་ཚད་རིམས་ནད་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན་གྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།
སུན་ཁྲུན་ལན་གྱིས་བསྟན་དོན། ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་ནོར་མཆོག་ཞིག་ཡིན། ཐེངས་འདིའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་ཀྲུང་ལུགས་གསོ་རིག་གིས་བརྒྱུད་རིམ་ཧྲིལ་པོར་གཏིང་ཟབ་ངང་ཞུགས་པ་དང་ཕྱི་ལུགས་གསོ་རིག་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་པར་གཞི་ཨང་བརྒྱད་པའི་སྨན་བཅོས་ཇུས་གཞི་གྲུབ་པ་དང“སྨན་རྫས་གསུམ་དང་སྨན་ཡིག་གསུམ”སོགས་ནུས་ལྡན་གྱི་ཀྲུང་ལུགས་སྨན་རྫས་ཁག་གཅིག་གི་ཕན་འབྲས་ལ་ལག་ལེན་དངོས་ཀྱི་ཐོག་ནས་ཞིབ་བཤེར་བྱས་ཡོད། ཀྲུང་གོས་ཀྲུང་ལུགས་གསོ་རིག་གི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་གང་ཡོད་ཕངས་མེད་སྒོས་རྒྱལ་ཁབ་གཞན་པར་མཉམ་རོལ་བྱས་པ་མ་ཟད། རྒྱལ་ཁབ་གཞན་དང་མཉམ་དུ་ཀྲུང་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས། རྒྱལ་སྤྱིའི་ཚད་གཞི་བཅས་ཀྱི་ཐད་ལ་མུ་མཐུད་དུ་མཉམ་ལས་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་ལེགས་ཆ་ཕན་ཚུན་གསབ་རེས་དང་སྤེལ་རེས་བྱས་ཏེ་མིའི་རིགས་ཀྱི་བདེ་ཐང་གི་ཆེད་དུ་ཞབས་འདེགས་གང་ལེགས་ཞུ་འདོད་ཡོད།
ཐེངས་འདིའི་གླེང་སྟེགས་ནི“ཀྲུང་ལུགས་གསོ་རིག་གི་སྤེལ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཙམ་པབ་ཝེ་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་སི་ཐེ་ཧྥན་ཉི་ཤིས་ནཱ་སོགས་རྒྱལ་ཁབ་དང་ས་ཁུལ་ཉེར་བརྒྱད་ཀྱི་སྲིད་དོན་མི་སྣ་དང་སྲིད་གཞུང་གི་དཔོན་རིགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི། ཆེད་ལས་མཁས་ཅན་བཅས་ཀྱིས་བརྙན་ལམ་བརྒྱུད་དེ་བསམ་བློ་བརྗེ་རེས་བྱས། །
རྩོམ་སྒྲིག་པ། འབྲུག་མོ།