ཉེ་ལམ། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་ཞོར་ལས་སུ་སྐྱོད་མཁན་སྐོར་ཞིག་གིས་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲོས་གཞི་དང་ལེན་བྱས་ནས་ཕ་ཡུལ་དུ་ལོག་ཐུབ་མེད་པ་དང་། མི་སྐོར་ཞིག་གིས་གནས་སྡོད་དཔང་ཡིག་གི་དུས་ཡུན་རིང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་གཅིག་བསྡུས་ངང་ཉེན་ཚབ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་དུས་ཚོད་བརྒལ་བ་སོགས་ཀྱི་གནད་དོན་ལ་འཕྲད་པས། ཞིབ་འཇུག་བྱས་པ་བརྒྱུད་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་བཅས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ནས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་ཉེན་ཚབ་ནང་ཞུགས་ནས། གྲོན་དངུལ་འཇལ་བའི་འགྲོ་ལུགས་རྗེས་འགྲིམ་གྱི་སྒེའུ་ཁུང་བཙུགས་ནས་ཉེན་ཚབ་ནང་ཞུགས་མཁན་གྱིས་རང་ཉིད་ཀྱི་གྲོན་དངུལ་སྤྲད་པ་ནས་བཟུང་སྨན་བཅོས་ཉེན་ཚབ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་གཏན་འབེབས་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་ཚབ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་འགྲོ་ལུགས་རྗེས་འགྲིམ་གྱི་སྒེའུ་ཁུང་འཛུགས་པའི་དུས་ནི“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་ནན་ཏན་གྱིས་སྤེལ་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། ས་གནས་ཁག་དང་སྡེ་ཁག་སོ་སོས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་ལ་དམིགས་ནས་ཐག་གཅོད་བྱས་ཏེ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱད་དེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་འགན་ལེན་བྱེད་འོས་པའི་རིགས་འགན་ལེན་བྱ་གང་ཐུབ་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། འབྲུག་མོ།