བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཇེ་ལེགས་སུ་ཕྱིན།
2021.06.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བྱས་པས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན་པ་རེད། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྡེབ་སྒྲིག་བྱས་ནས་སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་རྩིས་སྤྲོད་བྱེད་པ་མངོན་འགྱུར་བྱུང་བ་དང་། འགན་སྲུང་མི་འབོར་ཡོངས་སུ་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ལོ་འཁོར་སྨན་བཅོས་འགྲོ་སོང་རྩིས་ཞུའི་ཚད་གཞི་མཐོ་ཤོས་འབུམ་གཅིག་དང་ཁྲི་བཞི་ལ་སླེབས་པ་དང་། དེ་ནི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་བདུན་ལ་ཉེ་བ་ཡིན། མང་ཚོགས་ཀྱིས་སྔར་བས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུའི་ཁྲོད་ཏང་གི་དྲོ་སྐྱིད་དང་སྨན་བཅོས་དམངས་ཕན་སྲིད་ཇུས་ཀྱི་བདེ་ཐང་ཁེ་སྤོགས་མྱོང་ཚོར་ཐུབ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།