རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་དགུའི་ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར་བརྒྱད་ལ་བརྒྱབ་པ་དང་། རིམས་འགོག་སྲུང་ཡོལ་མགྱོགས་མྱུར་ངང་བསྐྲུན་བཞིན་པའི་སྒང་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ཉེ་ལམ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཚོད་དཔག་ལྟར་ན་ལོ་མཇུག་བར་དུ་མ་མཐའ་ཡང་དམིགས་འབེན་མི་ཚོགས་ཀྱི་བརྒྱ་ཆའི་བདུན་ཅུ་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པ་དང་། ཐུན་མོང་ངང“རིམས་འགོག་ལྕགས་རི”བསྐྲུན་པར་ང་ཚོས་ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། འབྲུག་མོ།