མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་བདེ་ཐང་གསལ་འདེབས།
2021.07.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

ཟླ་བདུན་པའི་ཚེས་བཞིའི་ཉིན། ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་དུ་ས་གནས་རང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་གསུམ་བྱུང་ཞིང་།  རིམས་འགོག་བྱ་བ་ལེགས་པོར་སྒྲུབ་ཏེ། པྲོག་གསར་གློ་ཚད་རིམས་ནད་བརྒྱུད་སྒྲོག་གི་ཉེན་ཁ་ཇེ་དམའ་རུ་གཏོང་ཆེད། ཉེ་ལམ་རྒྱལ་ནང་གི་པྲོག་གསར་གློ་ཚད་ཀྱི་ཁྱད་ཆོས་དང་ཡུན་ནན་ཞིང་ཆེན་ཏི་ཧོང་ཁུལ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་སྒོས། ཆེད་མཁས་པ་རྩ་འཛུགས་བྱས་ནས་བརྡར་གཅོད་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་འདོམས་གཞུང་སྒྲུབ་ཁང་གི་གསལ་འདེབས་བྱས་པ་གཤམ་གསལ་ལྟར།

གཅིག  ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་གྱི་ཚུན་ལ། ཡུན་ནན་ཞིང་ཆེན་ཏི་ཧོང་ཁུལ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣས་དུས་ཚོད་དང་པོའི་ནང་རང་འགུལ་སྒོས་མཁར་སྡེ་དང་ལས་ཁུངས་སུ་སྙན་ཞུ་བྱེད་དགོས་པ་དང་། ཧུར་ཐག་གིས་ས་གནས་དང་མཐུན་སྦྱོར་སྒོས་ཉིང་བསྐྱུར་ཚད་ལེན་དང་། བདེ་ཐང་ལྟ་སྐུལ་ཚད་ལེན། ལོགས་བཀར་དོ་དམ་ཚོད་འཛིན་སོགས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། ཚེས་བཅུ་བཞི་ཉིན་རུའེ་ལི་གྲོང་ཁྱེར་དང་ཉེན་ཁ་འབྲིང་མཐོའི་ཚད་རིམ་ས་ཁུལ་ནས་གནས་སྐོར་བྱས་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་ཉིན་བཅུ་བཞི་རིང་གི་ཁྱིམ་དུ་སྡོད་པ་དང་གཅིག་བསྡུས་སྒོས་ལོགས་སུ་བགར་བའི་སྨན་བཅོས་ལྟ་ཞིབ་བྱེད་དགོས་པ་དང་། རུའེ་ལི་གྲོང་ཁྱེར་དང་ཉེན་ཁ་འབྲིང་མཐོའི་ས་ཁུལ་གྱི་གྲོང་ཁྱེར་གཞན་དག་གི་ཉེན་ཁ་དམའ་བའི་ས་ཁུལ་གྱི་མཚོ་སྔོན་དུ་ཡོང་བའི་མི་སྣར་ཉིན་བདུན་རིང་གི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་དགོས།

གཉིས། ཟླ་བདུན་པའི་ཚེས་ལྔ་ཉིན་ནས་བཟུང་། ཡུན་ནན་ཞིང་ཆེན་ཏི་ཧོང་ཁུལ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣས་དུས་ཚོད་དོན་གཉིས་རིང་གི་ཉིང་བསྐྱུར་ཚད་ལེན་གདགས་གཤིས་སྙན་ཞུ་མཁོ་འདོན་བྱེད་དགོས། མཁོ་འདོན་བྱེད་མི་ཐུབ་ན། ས་གནས་སུ་འབྱོར་སྐབས་རིམས་ནད་འགོག་བཅོས་ཚོད་འཛིན་སྡེ་ཁག་ལ་མཐུན་སྦྱོར་སྒོས་ཉིང་བསྐྱུར་ཚད་ལེན་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་མི་སྣ་དག་དགོས་གལ་མེད་ཚེ་རུའེ་ལི་གྲོང་ཁྱེར་དུ་མི་འགྲོ་བར་ཞུ།

གསུམ། མང་ཚོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བླང་བྱ་ལྟར། མུ་མཐུད་དུ་ཁ་ཐུམ་རྒྱག་པ་དང་ལག་པ་འཁྲུ་བ། རླུང་རྒྱུ་རུ་འཇུག་པ། འདུས་སྡོད་མི་བྱེད་པ། མཉམ་དུ་ཟས་ལ་མི་རོལ་བ།སྨི་གཅིག་ཡན་གྱི་བདེ་འཇགས་བར་ཐག་འཇོག་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས། གལ་ཏེ་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། ཐང་ཆད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། དེ་འཕྲལ་དུ་ཉེ་སའི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་བཅོས་བྱེད་དགོས།

བཞི། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན་པས། ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཀྱིས་སྔ་མོ་ནས་འགོག་ཁབ་རྒྱག་དགོས།

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་།

                                                                               2021ལོའི་ཟླ7པའི་ཚེས5ཉིན།

རྩོམ་སྒྲིག་པ། འབྲུག་མོ།